ཀྲུང་གོ་བོད་ཀྱི་དྲ་བ།

ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་བལ་འཐག་མཚོའི་མཛེས་ལྗོངས་ཁུལ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    ཟླ8པའི་ཚེས12ཉིན། སེམས་ཀྱི་ཉི་ཟླ་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་བལ་འཐག་མཚོའི་ནུབ་ཐིག་ཚོད་ལྟ་ཁུལ་གྱི་སྐྱེ་ཁམས་སློབ་གསོའི་ངལ་གསོ་ལམ་ཐིག་སླར་གསོ་བྱས་པས་སྒོ་ཕྱེས་པའི་ཉིན་དང་པོར་ཡུལ་སྐོར་བ་མང་པོའི་ཡིད་སེམས་དུ་བཀུགས་པ་རེད། ཡུལ་སྐོར་བའི་ཡུལ་སྐོར་ཁྱབ་ཁོངས་དང་མཛེས་ལྗོངས་ཁུལ་ནང་གི་ལྟ་སྐོར་རླངས་འཁོར་གྱི་འགྲོ་སྐྱོད་སྔོན་ལས་རྒྱ་ཆེར་དང་རིང་དུ་ཕྱིན་ཡོད་ལ། གཞན་ཡང་ཚེས12ཉིན་ནས་བཟུང་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་མི་རེར་སྒོར68བཏང་ནས་མཛེས་ལྗོངས་ཁུལ་ནང་གི་ལྟ་སྐོར་རླངས་འཁོར་གྱི་རིན་གོང་མི་ཐེངས་རེར་སྒོར70གཏན་ཁེལ་བྱས།

3.jpg

ཤེས་རྟོགས་བྱུང་བར་གཞིགས་ན། བལ་འཐག་མཚོའི་སྐྱེ་ཁམས་སློབ་གསོའི་ཉམས་ལེན་ཁུལ་ནས་སྤྱི་གླིང་གི་སྒོ་རའི་མཛེས་ལྗོངས་བར་སྤྱི་ལེ8ཡོད་པ་དང་རླངས་འཁོར་བསྡད་ན་སྐར་མ་15ཙམ་དགོས། ས་ཁོངས་དེར་སྲུང་སྐྱོང་ནན་པོ་ཐོབ་པས་ཡུལ་སྐོར་བས་སྤྱི་གླིང་གིས་གཏན་འཁེལ་བྱས་པའི་ས་ཁོངས་ནང་མ་གཏོགས་བྱ་འགུལ་སྤེལ་མི་རུང་། 

4.jpg

5.jpg

བལ་འཐག་མཚོའི་མཛེས་ལྗོངས་ཁུལ་དུ་ཉམས་ལེན་བྱེད་འདོད་ན་སྤྱི་ལེ1ཙམ་གྱི་ཤིང་ཟམ་བརྒྱུད་རྐང་ཐང་བསྐྱོད་དེ་མཚོ་འགྲམ་གྱི་མཛེས་ལྗོངས་གཟིགས་སྟེགས་སུ་བསྐྱོད་དགོས། ཉམས་ལེན་བྱས་ཚར་རྗེས། སྔོན་གྱི་ལམ་དེ་བརྒྱུད་ནས་རླངས་འཁོར་འདུག་སར་ཕྱིར་ལོག་ཆོག དེའི་ཡུལ་སྐོར་དུས་ཚོད་སྐར་མ50ཙམ་དང་ཡུལ་སྐོར་བས་བལ་འཐག་མཚོའི་སྐྱེ་ཁམས་སློབ་གསོའི་ཉམས་ལེན་ཁུལ་ལ་ལྟ་སྐོར་བྱས་རྗེས་མུ་མཐུད་ལྟ་སྐོར་རླངས་འཁོར་བསྡད་དེ་ཞོ་རྡོ་མཚེའུ་ལྟ་སྐོར་ཉམས་ལེན་ཁུལ་དང་གདོད་མའི་སྐྱེ་ཁམས་རྐང་ཐང་ལམ་བུ་སོགས་ས་ཁོངས་གཞན་དག་ཏུ་བསྐྱོད་ཆོག་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།