ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྤུས་ལེགས་བེ་ཤ་ཆ་གཅིག་རྡེག་འཚོང་བྱེད་ཚད་སྒོར་ཁྲི25ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

3.jpg

པར་འདི་ནི་རྡེག་འཚོང་བྱས་པའི་བེ་ཤ་ཆ་གཅིག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན། 2021ལོའི་སེམས་ཀྱི་ཉི་ཟླའི་བེ་ཤ་རྡེག་འཚོང་བྱ་འགུལ་དེ་སེམས་ཀྱི་ཉི་ཟླའི་བེ་ཤ་ཚོང་ར་ནས་སྤེལ་མགོ་ཚུགས་ཤིང་། རྒྱལ་ཡོངས་ས་ཆ་སོ་སོ་ནས་སླེབས་པའི་སྐུ་མགྲོན་དག་གི་འགྲན་རྩོད་ཁྲོད་མཇུག་མཐར་ལྗིད་ཚད་ལ་ཁེ695དང་། རིང་ཚད་ལི་སྨི22དང20 ། ཚངས་ཐིག་ལི་སྨི5.5དང6ཡིན་པའི་སྤུས་ལེགས་བེ་ཤ་ཆ་གཅིག་ལ་སྒོར་ཁྲི25ཡི་རིན་གོང་གིས་རྡེག་འཚོང་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱ་འགུལ་ནི་བདེ་ཆེན་ཁུལ་བེ་ཤ་མཐུན་ཚོགས་དང་ཧྲན་ལིན་ཆིན་ཤ་མོའི་ལས་རིགས་གཉིས་མཉམ་འབྲེལ་ངང་གཙོ་གཉེར་བྱས་ཤིང་། དེ་ནི་བདེ་ཆེན་ཁུལ་གྱིས་ཏང་གི་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བདེ་ཆེན་ཡུལ་དངོས་གཞུང་ལས་ཁང་གི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ནས། ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་མ་ཟད། ཏན་ཏན་ཏིག་ཏིག་གིས་བེ་ཤ་ཐོན་ལས“ཕྱིར་འཚོང་བརྟན་ལྷིང་། ཕྱི་རྒྱལ་གྱི་མ་དངུལ་བརྟན་བརླིང་། སྔོན་དཔག་བརྟན་ལྷིང”དང“སྡོད་དམངས་ལས་ཞུགས་སྲུང་བ་དང་། ཁྲོམ་རའི་བདག་གཉེར་སྲུང་བ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་སྲུང་བ”བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་ཆེད་ཡིན། སྔར་ལས་ལྷག་པའི་ངང་བདེ་ཆེན་ཁུལ་གྱི་འཛད་སྤྱོད་མཁོ་སྤྲོད་ཇེ་ལེགས་སུ་བཏང་ནས། ཉོ་ཚོང་བྱེད་ཐབས་གསར་གཏོད་དང་། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་འཕར་བའི་ཐབས་ལམ་ལེགས་སྒྲིག་བྱེད་པའི་ཐད་སྐུལ་འདེད་དང་། སེམས་ཀྱི་ཉི་ཟླའི་བེ་ཤ་ཡི་མིང་གྲགས་ཆོད་ཚད་དང་། སྐྱེ་དངོས་སྣ་མང་རང་བཞིན་སྟོན་པ། བེ་ཤའི་ཐོན་ལས་གསོ་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན།

བྱ་འགུལ་ཁྲོད་ད་དུང་ཐད་གཏོང་མི་སྣ་གདན་དྲངས་ནས་ཡུལ་དངོས་ནས་ཐད་གཏོང་བྱས་པ་བརྒྱུད་སྔར་ལས་མགྱོགས་པའི་མྱུར་ཚད་དང་། སྔར་ལས་བདེ་པའི་རིན་གོང་གིས་ཉིན་དེར་བཏོགས་པའི་བེ་ཤ་དྲ་ཐོག་ནས་འཚོང་བ་རེད།

 སེམས་ཀྱི་ཉི་ཟླ་ནི་འཛམ་གླིང་གི་མིང་གྲགས་ཅན་གྱི་བེ་ཤ་ཐོན་ཁུལ་ཡིན་པ་མ་ཟད། ཡུན་ནན་ཞིང་ཆེན་གྱི“བེ་ཤའི་ཕ་ཡུལ”ཡང་ཡིན། བེ་ཤའི་ལོའི་སྐྱེས་ཚད་ཏུན1000ཡིན་ལ། འབོར་ཚད་ཏུན900དང་འཁོར་རྒྱུག་བྱེད་ཚད་ཏུན2000ཡན་ཟིན་ཡོད། སེམས་ཀྱི་ཉི་ཟླའི་བེ་ཤ་ནི་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ས་ཁམས་མཚོན་རྟགས་ཐོན་རྫས་ཡིན་ལ། ཡང་བདེ་ཆེན་ཁུལ་གྱི་ཆེས་ཁྱད་ཆོས་ལྡན་པའི་ཞིང་ལས་གསར་སྐྱེས་ཞིང་ལས་ཐོན་རྫས་ཀྱང་ཡིན་པས། དེའི་ཕྱིར་འཚོང་ཡོང་འབབ་ནི་བདེ་ཆེན་མི་རིགས་སོ་སོ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་གྱུར་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།