ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བསྟུད་མར་འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡུན་ནན་བརྟག་བཤེར་སྤྱི་ཁྱབ་རུ་ཁག་གིས་གཞིི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་སྟོད་ལ། ཡུན་ནན་ཞིང་ཆེན་གྱི་དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5435ལ་སླེབས་ཤིང16.2%འཕར་ལ། འཕར་ཚད་ལོ་སྔོན་མའི་དུས་མཉམ་གྱི་བརྒྱ་ཆའི་ཚེག9.2ཡི་མགྱོགས་པ་ཡིན།

ད་ལོའི་ལོ་སྟོད་ལ། ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་སྣེ་ཁྲིད་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བར་གཞིགས་ཏེ། ལས་ཞུགས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་མི་དོར་བ་བཞིའི་སྲིད་ཇུས་དངོས་འབེབས་བྱས་པས། དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་བ་མངོན་འགྱུར་བྱས་ལ། འཛད་སྤྱོད་སྦས་ཤུགས་མངོན་གསལ་གྱིས་གློད་གྲོལ་བཏང་ཡོད།

དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲུབ་ཚུལ་ལ་བལྟས་ན། ཟླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱི་འཕར་ཚད25.2%ལ་སླེབས་པ་དང་། སྡོད་དམངས་ཀྱི་ཡོང་འབབ་གཙོ་བོ་རུ་གྱུར་ཡོད། བདག་གཉེར་ཡོང་འབབ་རྐྱང་བ་དང་རྒྱུ་ནོར་ཡོང་འབབ་རྐྱང་བ་སོགས་ཀྱང་བརྟན་བརླིང་ངང་གོང་དུ་འཕར་བའི་རྣམ་པ་མངོན་ཡོད། འཛད་སྤྱོད་འགྲོ་གྲོན་གྱི་གནས་ཚུལ་བལྟས་ན། ལོ་སྟོད་ལ། དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་སྒོར4795ལ་སླེབས་ཤིང་ན་ནིང་གི་དུས་མཉམ་ལས་སྒོར696ཇེ་མང་དུ་སོང་ནས17.0%འཕར་བ་དང་། འཕར་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཚེག8.5ཡིས་མགྱོགས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།