ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ལས་ཁུངས་དང་སྡེ་ཁག་སོ་སོ་འཛད་སྤྱོད་རོགས་སྐྱོར་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་བདེ་ཆེན་ཁུལ་གྱི་ལས་ཁུངས་དང་སྡེ་ཁག་སོ་སོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ནས་འཛད་སྤྱོད་རོགས་སྐྱོར་ཐོན་རྫས་སྒོར་ཁྲི500ལྷག་ཉོས་ཏེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། གྲོང་གསེབ་དར་སྤེལ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། 

བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2021ལོའི་ཟླ7པའི་ཚེས25ཉིན་བར་ཁུལ་ཡོངས་ཀྱི་གཞི་རིམ་བཟོ་ཚོགས183གྱིས་སྒོར་5175934ཉོ་སྒྲུབ་བྱས་པ་དང་ཚོགས་མི་མི་སྒེར་གྱིས་སྒོར1390.89ཉོ་སྒྲུབ་བྱས་པར་བསྡོམས་པས་སྒོར5315606.89ཟིན་ཡོད། དེའི་ཁྲོད་ཁུལ་ཐད་གཏོགས་གཞི་རིམ་བཟོ་ཚོགས68ཀྱིས་སྒོར2123096ཉོ་སྒྲུབ་བྱས་པ་དང་ཚོགས་མི་མི་སྒེར་གྱིས་སྒོར51299.89ཉོ་སྒྲུབ་བྱས་པར་བསྡོམས་པས་སྒོར213655.89ཟིན་ཡོད་པ་རེད། 

འཛད་སྤྱོད་རོགས་སྐྱོར་ནི་འཛད་སྤྱོད་ས་ཁུལ་དབུལ་བོ་དང་མི་འབོར་དབུལ་བོའི་ཐོན་རྫས་དང་ཞབས་ཞུ་འཛད་སྤྱོད་བྱས་ཏེ། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་རོགས་རམ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ད་དུང་སྲིད་གཞུང་དང་ཁྲོམ་ར། སྤྱི་ཚོགས་བཅས་ཀྱི་སྟོབས་ཤུགས་མུ་མཐུད་དུ་སྐུལ་སློང་བྱས་ནས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཐོན་སྐྱེད་ཁེ་ལས་དང་ཞིང་ཁྱིམ་བར་ཀྱི་ཞིང་ལས་ཐོན་རྫས་བྲིན་ཁ་མི་རྒྱུག་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།