ཀྲུང་གོ་བོད་ཀྱི་དྲ་བ།

དགའ་ལྡན་སུམ་རྩེན་གླིང་གིས་ཧོ་ནན་ལ་སྒོར་ཁྲི10ཡི་ཞལ་འདེབས་ཕུལ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།   རྩོམ་པ་པོ། : རིན་ཆེན་ཚེ་རིང་།   སྤེལ་དུས། : 2021-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཞལ་འདེབས་ཕུལ་བའི་བྱེད་སྒོའི་ཡུལ་དངོས།

3.jpg

ཞལ་འདེབས་སྒོར་ཁྲི10བདེ་ཆེན་ཁུལ་རྒྱལ་གྲམ་དམར་པོར་སྤྲད་པ།

4.jpg

དགེ་འདུན་གྱི་སྡེ་ཡིས་སྨོན་ལམ་ཞུ་བཞིན་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགའ་ལྡན་སུམ་རྩེན་གླིང་གིས་ཧོ་ནན་ཆུ་ལོག་ལ་ཞལ་འདེབས་ཕུལ་བའི་བྱེད་སྒོ་དགོན་པའི་སྣེ་ལེན་ཁང་དུ་སྤེལ་ཞིང་། དགོན་པས་ཞལ་འདེབས་སྒོར་ཁྲི10བདེ་ཆེན་ཁུལ་རྒྱལ་གྲམ་དམར་པོར་སྤྲད་པ་རེད། 

བྱེད་སྒོའི་རིང་དགོན་པའི་དགེ་བཤེས་དང་ཡོངས་འཛིན། དོ་དམ་པ་སོགས་ཀྱིས་མཉམ་དུ་ཚོགས་ཆེན་འདུ་ཁང་ནས་ཆུ་ལོག་གི་རྐྱེན་ངན་ལས་ཤོར་བའི་འདས་པོ་རྣམས་ལ་སྨོན་ལམ་གསུང་བ་དང་ཐར་བ་ཐོབ་པའི་སྨོན་ལམ་བཏབས་པ་རེད།  ཐེངས་འདིའི་བྱེད་སྒོ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་བས་མདོ་སྨད་བླ་བྲང་དགོན་པ་ནས་ཆོས་ལུགས་བྱ་བར་རྟོག་ཞིབ་དང་ཆོས་ལུགས་བྱེད་སྒོ་སྤེལ་བའི་སྐབས་སུ་ཧོ་ནན་ཆུ་ལོག་གནོད་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་རྗེས་དགའ་ལྡན་སུམ་རྩེན་གླིང་གིས་ཀྱང་རྒྱལ་གཅེས་ཆོས་སྐྱེས་ཀྱི་བྱེད་སྒོ་འདི་སྤེལ་བ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་དགའ་ལྡན་སུམ་གླིང་གིས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཐེངས་དང་པོ་ཕུལ་བ་མིན་སྟེ། ཝུའུ་ཧན་རིམས་འགོག་དང་ཉེ་སྔོན་གྱི་ཏ་ལི་ས་འགུལ་སོགས་ལ་དགོན་པས་དུས་ཐོག་ཏུ་ཞལ་འདེབས་ཕུལ་བའི་བྱེད་སྒོ་གང་མང་སྤེལ་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།