བདེ་ཆེན་ཁུལ་གྱིས2022ལོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་པར་བརྩོན་ལེན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས29ཉིན་འཚོགས་པའི་བདེ་ཆེན་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བར། བདེ་ཆེན་ཁུལ་གྱིས2022ལོར་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་པར་བརྩོན་ལེན་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། 2012ལོར་བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་རིམ་སྤེལ་གསར་གཏོད་ལས་དོན་སྤེལ་མགོ་བརྩམས་ནས། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁུལ་འཛུགས་སྐྲུན་འཆར་འགོད》དང་དེ་བཞིན་རྫོང(གྲོང་ཁྱེར)གསུམ་གྱི་སྐྱེ་ཁམས་རྫོང་འཛུགས་སྐྲུན་འཆར་འགོད་བཟོས་པ་རེད། 2016ལོར་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་བྱ་བའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱེད་པའི་སྐོར་གྱི་བརྡ་ཐོ》བཏང་ནས། 2025ལོའི་ལོ་མཇུག་ཏུ་སྐྱེ་ཁམས་ཤང་གྲོང་དང་སྐྱེ་ཁམས་གྲོང་ཚོ་འཛུགས་པའི་ལས་དོན་ལེགས་འགྲུབ་བྱས་ཏེ། 2030ལོའི་སྔོན་ལ་བདེ་ཆེན་ཁུལ་དེ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་དུ་བསྐྲུན་པའི་དམིགས་འབེན་བཏོན་ཡོད། 2017ལོར་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་ཁུལ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲལ་མགོའི་དམག་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས། 2019ལོར་ཁུལ་ཡོངས་ཀྱི་ཤང་གྲོང29ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་སྒྲིག་བཟོ་ལེགས་འགྲུབ་བྱས་པ་དང་འབྲེལ། རྫོང་དང་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་ལག་བསྟར་གྱིས་དམིགས་འབེན་ལས་འགན་དང་འགན་འཁྲི་ཁག་བགོས་སྔར་ལས་ཁ་གསལ་བཟོས་ཏེ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི་ཤང་གྲོང་འཛུགས་སྐྲུན་ཏན་ཏིག་ངང་སྤེལ་བ་རེད། 2020ལོའི་ཟླ4པར《བདེ་ཆེན་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་འཛུགས་པའི་བྱ་བའི་ཇུས་གཞི》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། མིག་སྔའི་བར། འབའ་ལུང་རྫོང་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་རྫོང་དུ་འཛུལ་བ་ཡོངས་བསྒྲགས་བྱས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གིས་ད་ལྟ་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར(རྫོང)དུ་འཇོག་པར་ཡིག་ཐོག་སྙན་ཞུ་འབུལ་བཞིན་ཡོད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།