ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་ཡུན་ནན་ཞིང་ཆེན་གྱིས་ཞིང་སྡེའི་ངལ་རྩོལ་བ་མི་ཁྲི1000ལྷག་ལས་ཞུགས་སྤོ་སྒྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས29ཉིན། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡུན་ནན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཡུན་ནན་ཞིང་ཆེན་ཡོངས་ཀྱིས་ཞིང་སྡེའི་ངལ་རྩོལ་པ་མི་ཁྲི1000ལྷག་ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་མི་གྲངས་བརྟན་བརླིང་ངང་འཕར་སྣོན་བྱུང་ནས་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་གྱུར་ཡོད།

ད་ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཁྲི1038.4ལས་ཞུགས་སྤོ་སྒྱུར་བྱས་པ་དེ་དུས་མཉམ་ལས4.1%འཕར་ཡོད་པ་རེད། དེའི་ཁྲོད་ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་ཞིང་སྡེའི་ངལ་རྩོལ་པ་མི་ཁྲི617.9ཟིན་པ་དེ་དུས་མཉམ་ལས2.7%འཕར། ས་གནས་དེའི་ཞིང་ལས་མིན་པའི་ངལ་རྩོལ་ནུས་ཤུགས་མི་ཁྲི420.5ཟིན་པ་དེ་དུས་མཉམ་ལས6.2%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་ཞིང་སྡེའི་ངལ་ནུས་བསྡོམས་གྲངས་ཁྲི617.9ཟིན་པ་དེ་དུས་མཉམ་ལས2.7%འཕར་བ་དང་། 2019ལོའི་དུས་མཉམ་ལས8.1%འཕར་ལ། ལོ་གཉིས་ལ་ཆ་སྙོམས་སུ4%འཕར་ཡོད། ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་ཞིང་སྡེའི་ངལ་ནུས་བསྡོམས་གྲངས་བརྟན་པོའི་ངང་འཕར་སྣོན་བྱུང་། 

ཡོང་འབབ་ཐད་ནས་ད་ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3988ཟིན་པ་དེ་དུས་མཉམ་ལས9.3%འཕར་བ་དང་། 2019ལོའི་དུས་མཉམ་ལས14.4%འཕར་ལ། ལོ་གཉིས་ཀྱི་ཆ་སྙོམས་འཕར་ཚད་ཀྱི7.0%ཟིན། ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་རེའི་ཆ་སྙོམས་ཡོང་འབབ་རྒྱུན་ཆད་མེད་པར་འཕར་ཡོད་པ་རེད། དེའི་ཁྲོད་ཞིང་ཆེན་ནང་ཁུལ་གྱི་ལས་བཟོ་བ་མི་རེར་ཆ་སྙོམས་ཀྱིས་ཟླ་རེར་ཡོང་འབབ་སྒོར3738ཟིན་པ་དེ་དུས་མཉམ་ལས8.9%འཕར་ལ་དེ2019ལོའི་དུས་མཉམ་ལས14.6%འཕར་བ་དང་ལོ་གཉིས་ལ་ཆ་སྙོམས་སུ7%འཕར་ཡོད། ཞིང་ཆེན་ཕྱི་རོལ་གྱི་ལས་བཟོ་བ་རེར་ཆ་སྙོམས་ཀྱིས་ཟླ་རེར་ཡོང་འབབ་སྒོར4386ཟིན་པ་དེ་དུས་མཉམ་ལས9.2%འཕར་ནས2019ལོའི་དུས་མཉམ་ལས13.7%འཕར་བ་དང་ལོ་གཉིས་ལ་ཆ་སྙོམས་སུ6.6%འཕར་ཡོད། 

ད་ལོའི་དུས་ཚིགས་གཉིས་པར་ཡུན་ནན་གྱི་ཕྱི་རོལ་དུ་སོང་བའི་ཞིང་སྡེའི་ངལ་ནུས་རིམ་བཞིན་ཞིང་ཆེན་ནང་ཁུལ་གཙོར་བྱས་ཏེ61.4%ཟིན་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་ཚེག1མར་ཆག་ཡོད། ཞིང་ཆེན་ཕྱིའི་ལས་ཞུགས་བྱ་ཡུལ་མདུན་གྲལ་གསུམ་དུ་སླེབས་པ་ནི་ཀོང་ཏུང་དང་ཀྲེ་ཅང་། ཅང་སུའུ་བཅས་ཡིན། ལས་ཞུགས་སྤོ་སྒྱུར་གྱི་བྱེ་བྲག་གི་ལས་རིགས་ཕྱོགས་ནས་བལྟས་ན། ལས་ཞུགས་མི་གྲངས་མདུན་གྲལ་གྱི་ཨང་གསུམ་པར་སླེབས་པ་ནི་བཟོ་སྐྲུན་ལས་རིགས་དང་ཨར་སྐྲུན་ལས་རིགས། གྲོང་མིའི་ཞབས་ཞུ། བཟོ་བཅོས་སྐོར་གྱི་ཞབས་ཞུའི་ལས་རིགས་གཞན་དག་བཅས་ཡིན་པ་དང་། དེ་དག་སོ་སོར26.5%དང23%། 12.2%ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།