ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་འགྲིམ་འགྲུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   བཅིངས་འགྲོལ་བྱས་པ་ནས་བཟུང་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བདེ་ཆེན་ཁུལ་གྱིས“རྫོང་བར་གྱི་གཞུང་ལམ་མཐོ་རིམ་ཅན་དང་། ཤང་བར་གྱི་གཞུང་ལམ་སྣུམ་ནག་ཅན། གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ཁྱོན་ཡོངས་ནས་ཨར་འདམ་ཅན་བཅས་སུ་མངོན་འགྱུར་བྱུང་ཡོད།

ཏང་གི་འགོ་ཁྲིད་དང་ཐུགས་ཁུར་འོག1952ལོའི་ཟླ་བརྒྱད་པར་བདེ་ཆེན་ཁུལ་གྱིས་ལོ་རྒྱུས་ཐོག་གི་གཞུང་ལམ་དང་པོ་སྟེ་ཅུས་ཏན་ནས་འབའ་ལུང་བར་གྱི་གཞུང་ལམ་བཟོས་ནས་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་བྱེད་འགོ་ཚུགས། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་བདེ་ཆེན་ཁུལ་གྱིས་རང་ངོས་ཀྱི་ས་བབ་ལེགས་ཆ་ལ་བརྟེན་ནས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་གྱི་མཐོ་རླབས་གསར་བ་ཞིག་འཕྱུར་ཡོང་། 1999ལོར་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཏེ་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་བྱས། 2005ལོར་བདེ་ཆེན་གྱི་རིམ་མཐོའི་གཞུང་ལམ་དང་པོ་སྟེ་སེམས་ཀྱི་ཉི་ཟླ་ནས་སུང་ཡོན་ཟམ་པ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས། 2012ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་ལེ་བར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་། བདེ་ཆེན་ཁུལ་ཡོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ100%ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཐེབས་པའི་རྣམ་པ་མཇུག་རྫོགས་པ་རེད། 

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཆ་རྐྱེན་མུ་མཐུད་དུ་ལེགས་སུ་ཕྱིན་ཡོད། བདེ་ཆེན་ཁུལ་གྱི་ལོ་རྒྱུས་ཐོག་གི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་དང་པོ་སྟེ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྔ་རྗེས་སུ་སྐྲུན་འགོ་ཚུགས་པ་དང་། སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་དང་དེ་བཞིན་འབའ་ལུང་ནས་འཇོལ་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གཉིས་ཀྱི་གཞི་རྩའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་395.02བཏང་བ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིང་ལས་ལྡབ1ཙམ་འཕར་ཡོད། 2020ལོའི་ལོ་མཇུག་བར་བདེ་ཆེན་ཁུལ་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ8485ཟིན་ནས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ལས་སྤྱི་ལེ2779འཕར་བ་དང་། སེམས་ཀྱི་ཉི་ཟླའི་གནམ་ཐང་དུས་ཐེངས་བཞི་པའི་བསྐྱར་སྐྲུན་རྒྱས་སྐྲུན་དང་མཁའ་འགྲུལ་འགག་སྒོ་འཛུགས་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ནས་ནས2020ལོའི་ལོ་མཇུག་བར་གནམ་ཐང་དུ་མཁའ་ལམ14ཤར་གཏོང་ཐུབ་པ་དང་མཁའ་འགྲུལ་ཀུང་སི10འཕུར་སྐྱོད་ཐུབ་པ་བྱུང་། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།