ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་གཞུང་གི་ནགས་ཕག་མཚོའི་མཛེས་ལྗོངས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

6.jpg

ཆར་བ་ཆེན་པོ་ཐེངས་འགའ་བབས་རྗེས། དབྱར་གཞུང་གི་ནགས་ཕག་མཚོ་རུ་རྩ་འཇམ་གསར་བ་སྔོ་ཐིང་ངེར་སྐྱེས་པའི་སྟེང་དུ་ཁྲ་ཚོམ་མེ་ཏོག་གིས་རབ་ཏུ་བརྒྱན་ཅིང་རྨད་བྱུང་ངོ་མཚར་བཀོད་པས་ཡོངས་སུ་ཁེངས་འདུག

སྔོ་ཞིང་དྭངས་བའི་ནམ་མཁའ་དང་། དུང་ལྟར་དཀར་བའི་སྤྲིན་དཀར་ལེབ་མོ་ནི་ལྷིང་འཇགས་ཀྱི་མཚེའུ་ནང་དུ་མངོན་པར་གསལ་ལ། སེར་ལམ་མེར་ཡོད་པའི་པད་ཁའི་མེ་ཏོག་དང་། གཡུ་ལོ་ཐགས་སུ་བྲེས་པའི་ནས་ཞིང་། གཡང་དཀར་ཁྱུ་ཚོགས་ཅི་དགར་རྩེན་པའི་རྩྭ་ཐང་བཅས་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་སུ་སྣང་བས། གནས་འདིའི་མཛེས་པ་ནི་ལྷ་ཡུལ་གྱི་ཞིང་ཁམས་ཞིག་དང་གཉིས་སུ་མ་མཆིས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།