ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་མ་དངུལ་སྒོར་དུང་ཕྱུར5.79བཀོད་སྒྲིག་བྱས་ནས་རྫོང་དང་ཤང་སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་ཚང་དང་ལེགས་བཅོས་སུ་གཏོང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས23ཉིན་ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་བགྲེས་སོང་གཟིགས་སྐྱོང་ཉི་འོད་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། 2021ལོར་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར5.79བཀོད་སྒྲིག་བྱས་ནས། མུ་མཐུད་དུ་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་ཇེ་མང་དུ་གཏོང་བ་དང་ཤུགས་ཆེན་པོས་རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་ཚང་དང་ལེགས་བཅོས་སུ་གཏོང་རྒྱུ་རེད།

1.jpg

འདི་ནི་ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གིས་ཟླ7པའི་ཚེས23ཉིན་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཡུལ་དངོས་རེད།

ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་མ་པིན་གྱིས་མཚམས་སྦྱོར་བྱེད་རྒྱུར། མ་དངུལ་སྒོར་དུང་ཕྱུར5.79བཀོད་སྒྲིག་བྱས་པ་དེ་གཙོ་བོ་ས་ཁུལ་སོ་སོས་རྫོང་རིམ་པའི་ནུས་ཤོར་བདག་སྐྱོང་ལས་ཁུངས་དང་སྲང་ལམ་རིམ་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུ་ལས་ཁུངས། སྡེ་ཁུལ་གྱི་ཉིན་མོའི་བདག་སྐྱོང་ལྟེ་གནས། བགྲེས་སོང་གི་བདེ་སྐྱིད་ཟ་ཁང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཐད་བཀོལ་རྒྱུ་ཡིན་ལ། རྫོང་རིམ་པའི་ནུས་ཤོར་བདག་སྐྱོང་ཞབས་ཞུ་ལས་ཁུངས་རྫོང129ལ་ཁྱབ་པར་སྐུལ་འདེད་བཏང་ནས་བདག་སྐྱོང་རང་བཞིན་གྱི་མལ་ཁྲི་ཁྲི1གསར་སྣོན་བྱེད་རྒྱུ་རེད།

གཞན་ཡང་ཡུན་ནན་གྱིས་མུ་མཐུད་དུ་ལོ80དང་དེའི་ཡན་གྱི་བགྲེས་སོང་གི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་རིམ་པས་ལོ་རེར་མ་དངུལ་སྒོར་ཁྲི8000བཀོད་སྒྲིག་བྱས་ནས་ས་ཁུལ་སོ་སོའི་བགྲེས་སོང་གི་ཁ་གསབ་གྲོན་དངུལ་སྟེར་བའི་བྱ་བར་ཁ་གསབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བགྲེས་སོང་ཁྲི94.1ལ་ཕན་ཁེ་བསྐྲུན་ཡོད།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།