ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་སློབ་གསོ་འཕེལ་རྒྱས་ཀྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས15པ་སྟེ། སློབ་གསོ་འཕེལ་རྒྱས་ཀྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ཁུལ་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་འཚོགས། བདེ་ཆེན་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡི་འགན་འཁུར་བས་གསར་འགྱུར་ཡོངས་བསྒྲགས་བྱས་པ་ལྟར་ན། ཁུལ་མི་རིགས་ཆེད་སྦྱོང་སློབ་གྲྭ་དང་། ཁུལ་མི་རིགས་སློབ་འབྲིང་། ཁུལ་བོད་ཡིག་སློབ་འབྲིང་། སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་འགན་འཁུར་བ་བཅས་ཀྱིས་སློབ་གྲྭའི་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་གསར་འགོད་པའི་དྲི་བར་ལན་བསྐྱོན།

བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་མོ་ནས་བཟུང་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། “སློབ་གསོ་སྔོན་ལ་སྒྲུབ་པའི”འཕེལ་རྒྱས་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས། ཁུལ་ཡོངས་ཀྱིས་སྟོབས་ཤུགས་བཏོན་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གིས་བསྒྲུབས། 1957ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་ནས་བཟུང་། རང་ཁུལ་གྱི་སློབ་གསོའི་ལུས་རྩལ་བྱ་གཞག་མགོ་བཙུགས་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ། “གཞི་རྩ་གཉིས”ཀྱི་འགག་སྒྲོལ་དང་། འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ངང་འཕེལ་རྒྱས་བྱུང་ལ། སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་ཁྱོན་ཡོངས་ནས་ལག་བསྟར་དང་། རིམ་པ་ཁག་དང་རིགས་སོ་སོའི་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་བ། སློབ་གསོ་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སློབ་གསོའི་སྤུས་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ་བཅས་བྱུང་བས། སྔོན་ཆད་སྒྲུབ་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་མང་པོ་བསྒྲུབས་ཐུབ་པ་དང་། སྔོན་ཆད་ཐག་གཅོད་མ་ཐུབ་པའི་མང་ཚོགས་ཀྱི་གནད་དོན་མང་པོ་ཞིག་ཐག་བཅད། “སློབ་གྲྭར་སྐྱོད་དཀའ་བ”ནས“སློབ་གྲྭར་སྐྱོད་ཐུབ་པ”དང་། དེ་ནས“སློབ་གྲྭ་བཟང་པོར་བསྐྱོད་པའི”བར་གྱི་སློབ་གསོའི་འཕེལ་རྒྱས་ལ་མཆོང་སྐྱོད་ཆེན་པོ་བྱུང་བ་དང་། གྲངས་འབོར་དང་བཟོ་བཀོད་ཕྱོགས་ནས་འཕར་ཚད་ལ་མཐོང་ཆེན་དང་སྤུས་ཚད་མཐོར་འདེགས་གཏོང་བ་ཟུང་འབྲེལ་བྱེད་པའི་སློབ་གསོའི་ཕན་འབྲས་མཆོང་སྐྱོད་ཆེན་པོ་བྱུང་བའི་བར། བདེ་ཆེན་གྱི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་འབད་འབུངས་མདུན་སྐྱོད་ཀྱི་ལམ་བུའི་སྟེང་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།