ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ལས་བཟོ་བའི་བྱིས་པའི་དབྱར་གནང་སྐབས་ཀྱི་བཟོ་ཚོགས་གཅེས་སེམས་ཚབ་གཉེར་འཛིན་གྲྭ་དངོས་སུ་སློབ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

པར་འདི་དག་ནི་གཅེས་སེམས་ཚབ་གཉེར་འཛིན་གྲྭར་ཞུགས་པའི་སློབ་མ་རྣམས་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། 2021ལོའི་བདེ་ཆེན་ཁུལ་གྱི་ལས་བཟོ་བའི་བྱིས་པའི་དབྱར་གནང་གི་བཟོ་ཚོགས་གཅེས་སེམས་ཚབ་གཉེར་འཛིན་གྲྭ་དེ་བདེ་ཆེན་ཁུལ་ལས་བཟོ་བའི་རིག་གནས་ཁང་ནས་དངོས་སུ་སློབ་མགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། གཅེས་སེམས་ཚབ་གཉེར་འཛིན་གྲྭ་དུས་རིམ་གཉིས་སུ་བགོས་ནས་རྩ་འཛུགས་བྱ་རྒྱུ་ཡིན་ཞིང་། དུས་རིམ་རེ་རེར་གཟའ་འཁོར་གཉིས་རེ་དང་། བྱིས་པ་རེར་སྒོར600རེ་སྤྲོད་དགོས། ཟླ7པའི་ཚེས19ཉིན་ནས་ཚེས30ཉིན་བར་དུས་རིམ་དང་པོའི་འཛིན་གྲྭ་སྤེལ་རྒྱུ་ཡིན་ལ། ཟླ8པའི་ཚེས2ནས13བར་དུས་རིམ་གཉིས་པའི་འཛིན་གྲྭ་སྤེལ་རྒྱུ་རེད། དུས་རིམ་རེར་འཛིན་གྲྭ་གསུམ་དུ་བགོས་ནས་འཛིན་གྲྭ་དང་པོའི་སློབ་རིམ1-2པའི་སློབ་མ་དང་། འཛིན་གྲྭ་གཉིས་པར་སློབ་རིམ3-4ཡི་སློབ་མ། འཛིན་གྲྭ་གསུམ་པརསློབ་རིམ4-5བར་གྱི་སློབ་མ་བསྡུས་ནས་འཛིན་གྲྭ་རེའི་སློབ་མ30ཙམ་ཡོད་པ་ཡིན། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།