ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། “འབད་འཐབ་ཀྱི་ལོ་བརྒྱའི་ལམ་བུའི་སྟེང་། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་བསྐྱོད”ཅེས་པའི་བདེ་ཆེན་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ཁུལ་གསར་འགྱུར་ཡོངས་བསྒྲགས་ཚོམས་ཁང་དུ་འཚོགས་པ་རེད། ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས། བདེ་ཆེན་ཁུལ་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས“ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་བཏང་ནས་རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ལྗང་མདོག་ནུས་རྒྱུ། ལྗང་མདོག་གཏེར་ལས་སོགས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། གཙོ་ཁྲིད་ཀྱི་ཐོན་ལས4ཧུར་ཐག་གིས་བཏོད་དེ། སྐྱེ་དངོས་སྨན་རྫས་དང་དེང་རབས་ཀྱི་ཟོག་འདྲེན་སོགས་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་པོར་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་བསྐྲུན་རྒྱུ་ནི་ཁུལ་ཡོངས་ཀྱི་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། བདེ་ཆེན་ཁུལ་གྱིས་རང་བྱུང་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཐོན་ཁུངས་ལ་བརྟེན་ནས་བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་བར་ཁྱམས་དང་། ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས། རྒྱལ་ཁབ་རྒྱང་སྐྱོད་རིག་གནས་སྤྱི་གླིང་། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ། ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པར་བསྟན། །