ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་དཀྱུས་མའི་སློབ་ཆེན་གྱི་སྐོར་རིམ་དང་པོར་སློབ་མ2032བསྡུ་ལེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཡུན་ནན་ཞིང་ཆེན་སློབ་བསྡུ་རྒྱུགས་སྤྲོད་ཁང་གིས2021ལོའི་ཡུན་ནན་ཞིང་ཆེན་མཐོ་རིམ་དཀྱུས་མའི་སློབ་ཆེན་གྱི་སྐོར་རིམ་དང་པོར་སློབ་བསྡུའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། བསྡོམས་པས་སློབ་མ2032བསྡུ་ལེན་བྱས་ཤིང་། དེའི་ནང་རྒྱལ་ཁབ་ཕུལ་བྱུང་དགེ་རྒན་ཆེད་དམིགས་འཆར་གཞི་དང་ས་གནས་ཕུལ་བྱུང་དགེ་རྒན་ཆེད་དམིགས་འཆར་གཞི། རིན་མེད་གསོ་རིག་སློབ་མ་དང་གཞུང་གྲོན་དགེ་ཐོན་སློབ་མ་བཅས་བསྡུ་ལེན་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད།

རྒྱལ་ཁབ་ཕུལ་བྱུང་དགེ་རྒན་ཆེད་དམིགས་འཆར་གཞིའི་སློབ་བསྡུའི་གནས་ཚུལ་བསྡོམས་རྩིས་རེའུ་མིག་ལ་གཞིགས་ན། རིག་ཚན་རིགས་ཀྱི་ཆེས་མཐོ་བའི་སྐར་གྲངས644དང་ཧྭ་ཤར་དགེ་ཐོན་སློབ་ཆེན་གྱིས་བསྡུ་ལེན་བྱས་ལ། རྩིས་ཚན་རིགས་ཀྱི་ཆེས་མཐོ་བའི་སྐར་གྲངས636ཡིན་ལ་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་བསྡུ་ལེན་བྱས། རྒྱལ་ཁབ་ཕུལ་བྱུང་དགེ་རྒན་ཆེད་དམིགས་འཆར་གཞིས་རྩིས་ཚན་སློབ་མ41དང་རིག་ཚན་སློབ་མ49བསྡུ་ལེན་བྱས། དེའི་ནང་པེ་ཅིང་དགེ་ཐོན་སློབ་ཆེན་གྱིས་སློབ་མ45བསྡུ་ལེན་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།