ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་མི་ཁྲི23ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་གཉིས་པ་བརྒྱབ་ཚར་ཡོད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྫོང་པ་ནགས་ལྕོག་རི་བོའི་འདབས་ཀྱི་མི་རིགས་ལུས་རྩལ་ཁང་སྟེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་ནད་དུག་འགོག་སྨན་རྒྱག་ཡུལ་དུ་མང་ཚོགས་རྣམས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་འགོག་སྨན་རྒྱག་བཞིན་ཡོད་ལ།  ཟླ7པའི་ཚེས4ཉིན་གྱི་ཆུ་ཚོད24ཙམ་ལ་བདེ་ཆེན་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཐེངས482201བརྒྱབ་ཡོད་པའི་ནང་འགོག་སྨན་གཉིས་བརྒྱབ་ཚར་བའི་མི233095ཡོད་པ་དང་། འགོག་སྨན་ཐེངས་གཅིག་བརྒྱབ་ཚར་བའི་མི16011ཟིན་ཡོད།   

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུའུ་ནད་ཡམས་ཚོད་འཛིན་ལས་དོན་མི་སྣ་ལི་ཡུང་ཅན་གྱིས་བཤད་རྒྱུར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ཁྱོན་རིམས་འགོག་སྨན་རྒྱག་ཡུལ16ཡོད་པ་དང་།  ཟླ7པའི་ཚེས4ཉིན་བར་གྲོང་ཁྱེར་ཡོངས་སུ་འགོག་སྨན260374ཐོན་ནས་འགོག་སྨན་ཐེངས260355ལ་བརྒྱབ་ཡོད།   མཛོད་ཉར་འགོག་སྨན་མེད་ཅིང་།  རིམ་རྩིས་བྱས་ན་མི133563ལ་འགོག་སྨན་བརྒྱབ་ཡོད་པའི་ནང་ལོ18ཡན་གྱི་མི་འབོར90.86%ཟིན་ཡོད། འགོག་སྨན་ཐེངས་དང་པོ་རྒྱག་མཁན་མི6771ལས་མེད་ཅིང་ཐེངས་གཉིས་པ་རྒྱག་མཁན་མི126792ཡོད་པས་ཞིང་ཆེན་རིམ་པའི་འགོག་སྨན་ཐེངས་གཉིས་པ་རྒྱག་པའི་འོས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་བ་དང་།   བདེ་ཆེན་ཁུལ་རིམ་པའི་འགོག་སྨན་ཐེངས་གཉིས་པ་རྒྱག་པའི་འོས་འགན་མི་གྲངས124950ལས་ཀྱང་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཚད101.47%ཟིན་ཡོད་ཅེས་བསྟན། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།