ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ཁོའོ་རིམ་པའི་ལས་བྱེད་པ100སློབ་སྦྱོང་གསོ་སྦྱོང་ནང་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་གྱི་ཁོའོ་རིམ་པའི་ལས་བྱེད་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དེ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་བརྩམས་པ་དང་། བདེ་ཆེན་ཁུལ་དང་རྫོང(གྲོང་ཁྱེར)དང་སྡེ་ཁག(ལས་ཁུངས)ཀྱི་ཁོའོ་རིམ་པའི་ལས་བྱེད་པ100ཐེངས་འདིའི་སློབ་སྦྱོང་གསོ་སྦྱོང་ནང་ཞུགས།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན། གསོ་སྦྱོང་ནང་དོན་ནང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ལྗོང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་བོད་ལྗོངས་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་གྱི་ས་གནས་ཀྱི་གཞུང་ལས་ཚོགས་འདུའི་དགོངས་དོན་སོགས་འབྲེལ་ཡོད་ཆེད་དོན་ཚུད་ཡོད། གསོ་སྦྱོང་ནང་ཆེད་དོན་ཟུར་ཁྲིད་དང་། བརྙན་ལམ། སློབ་མའི་གླེང་སྟེགས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱ་ཆེའི་སློབ་མ་ཚོར་སློབ་སྦྱོང་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ནན་ཏན་གྱིས་རོགས་རམ་བྱས་ཏེ། སྲིད་ཇུས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པར་བརྩོན་ལེན་དང་། ལས་སྒོའི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་མ་ཟད། བསླབ་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་སྤྱད་དེ་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།