ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་པ་ཞིག་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིག་རྩལ་འཁྲབ་སྟོན་ནང་ཞུགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་རིག་རྩལ་འཁྲབ་སྟོན་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ཞེས་པ་དེ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་།  འཁྲབ་སྟོན་དེ་ལོ་རྒྱུས་སྙན་ངག་གི་རྣམ་པའི་སྒོ་ནས་སྒྱུ་རྩལ་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་བརྗིད་ཉམས་ལྡན་པའི་རི་མོ་གསོན་ཉམས་དོད་པོས་མངོན་ཡོད།

དེའི་ཁྲོད་ཀྱི་ཟློས་གར་དང་གླུ་གར་གྱི་ལེ་ཚན《ཤར་ཕྱོགས་ངོ་མཚར་ཆེ་བ》ཞེས་པས་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད་ཀྱང་སྲིད།   དེ་ལས་ཀྱང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཐོན་པ་དང་།   མིག་སྔར་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བློ་བཟང་ཕུན་ཚོགས་ལེ་ཚན་དེའི་ནང་ཞུགས་ནས་འཁྲབ་སྟོན་བྱས་ཏེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གར་སྟེགས་ཐོག་འཛེགས་པ་རེད།

བློ་བཟང་ཕུན་ཚོགས་ཀྱིས་བཤད་རྒྱུར་ཁོ་བོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཡོང་བ་དང་མིག་སྔར་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད། རྒྱལ་ཡོངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་འདིར།  ང་རང་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ཞེས་པར་ཞུགས་ཐུབ་པར་སྤྲོ་སེམས་ཆེན་པོ་སྐྱེས་བྱུང་། ལྷོ་ནུབ་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ནས་རྒྱལ་སར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཞིག་གི་ཆ་ནས་བརྗོད་ན། ཐེངས་འདིའི་གོ་སྐབས་ཧ་ཅང་རིན་ཐང་ལྡན་པ་ངས་ཤེས་ཡོད་ལ། དེར་བརྟེན་བྱ་འགུལ་ནང་ལས་དོན་མི་སྣ་ཚང་མ་དང་མཉམ་དུ་ནང་སྦྱོང་ཧུར་ཐག་དང་འཁྲབ་སྟོན་ནན་ཏན་བྱས་པས་ཐེངས་འདིའི་བྱ་འགུལ་ལས་ངས་ཤེས་བྱ་མང་པོ་བསླབ་བྱུང་། རང་ཉིད་ནི་ཀྲུང་གོ་པ་ཞིག་ཡིན་པར་སྤོབས་སེམས་སྐྱེ་གི་འདུག ང་རང་ནི་ཀྲུང་གོ་ནས་སྐྱེས་ཤིང་།  དར་དམར་འོག་ཏུ་འཚར་ལོངས་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།  

ང་ཚོ་ནི་དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ཆ་ནས་གུང་ཁྲན་ཏང་མི་རྒན་རབས་ཚོའི་བླ་ན་མེད་པའི་སྙིང་སྟོབས་བློ་ལ་བརྟན་པོར་ངེས་པ་དང་རྒྱུན་འཛིན་བྱས་ཏེ་སྒེར་གྱི་ཕུགས་བསམ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་བྱེད་དགོས་ཤིང་།   ཀྲུང་གོ་བའི་བློ་སྟོབས་དང་།  རུས་པ་མཁྲེགས་པོ།  གདིང་ཤུགས་བཅས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ་ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ཡར་བརྩོན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་གཞན་དང་མི་འདྲ་བའི་ངོ་མཚར་ཆེ་བའི་མི་ཚེ་ཞིག་གཏོད་དགོས་པའི་བསམ་འདུན་བཅིངས་ཡོད་ཅེས་བསྟན། །  

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།