བདེ་ཆེན་མི་དམངས་རྣམས་ཀྱིས་ཏང་གི་འཁྲུངས་སྐར་འདི་ལྟར་བསུ།

2.jpg

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས1ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་དར་སྒྲེང་བ་དང་དམར་གླུ་ལེན་པ། ཏང་ནང་ཞུགས་པའི་དམ་ཚིག་ཕྱིར་དྲན་བྱས་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་རེད།

ཞོགས་པའི་དུས་ཚོད7དང་སྐར་མ30ཐོག་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་མགོ་ཚུགས་ཤིང་། བདེ་ཆེན་ཁུལ་རིམ་པའི་ཚན་པ་ཁག་བཞི་དང་ཏང་ཡོན་ལས་བྱེད་པའི་སྙིང་སྟོབས་རབ་ཏུ་འཕེལ་ནས་ཁུལ་ཨུའི་ཐང་ཆེན་དུ་གྲལ་བསྒྲིགས་ཤིང་།  རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་ཁྲོད་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་མགོ་འཕང་མཐོ་ཞིང་བརྗིད་ཉམས་ལྡན་པའི་གོམ་སྟབས་སྤོས་ཏེ། སྐར་ལྔའི་དར་དམར་སྲུང་སྐྱོབ་བྱས་ནས་དར་ཆ་སྒྲེང་བའི་སྟེགས་བུའི་ཐོག་བསྐྱོད་པ་དང་། བརྗིད་ཉམས་ལྡན་པའི་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་གླུ་སྐད་ཁྲོད་སྐར་ལྔའི་དར་དམར་དལ་བུར་མཁའ་ལ་བསྒྲེངས།  རྗེས་སུ་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི། བདེ་ཆེན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱི་ཀྲི་ཡི་མགོ་ཁྲིད་འོག་ཏང་ནང་ཞུགས་པའི་དམ་ཚིག་ཕྱིར་དྲན་བྱས་པ་དང་། མཐར་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད》ཞེས་པའི་གླུ་བླངས་པ་རེད།

རྒྱལ་ཐང་གྲོང་རྡལ་གྱི་མང་ཚོགས་ཀྱི་འཐུས་མི་དང་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གི་འཐུས་མི། ཞིང་པ་ལས་མིའི་འཐུས་མི་སོགས་མི350ལྷག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་མ་སེར་པོའི་ཐང་ཆེན་དུ་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་།  ཐད་གཏོང་རྫོགས་རྗེས་ཚང་མས་ཐང་ཆེན་དུ་སྐོར་བྲོ་འཁྲབ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

འབའ་ལུང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཚེས1ཉིན་གྱི་ཞོགས་པར་རྒྱལ་དར་སྒྲེང་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་རེད།

ཚེས1ཉིན་གྱི་སྔ་དྲོར། འཇོལ་རྫོང་སྲིད་འཛིན་ལྟེ་བའི་ཐང་ཆེན་དུ་རྗོང་ཨུའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་སྒྲིག་འཛུགས་བྱས་ཏེ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཁྲོད་སྐར་ལྔའི་དར་དམར་དལ་གྱིས་མཁའ་རུ་བསྒྲེངས་པ་དང་། རྒྱལ་དར་སྒྲེང་བའི་མཛད་སྒོ་རྫོགས་རྗེས་ཚང་མས་སྲིད་འཛིན་ལྟེ་གནས་སྙན་ཞུ་ཚོམས་ཆེན་དུ་རྟེན་འབྲེལ་ཚོགས་ཆེན་ཐད་གཏོང་ལ་བལྟས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།