བདེ་ཆེན་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང“སྡེ་ཁུལ་དུ་སྐྱེལ་བ”ཞེས་པའི་དཔེ་སྟོན་དྲིལ་སྒྲོག་བྱ་འགུལ་སྤེལ།

2.jpg

3.jpg

4.jpg

པར་འདི་དག་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཡུལ་དངོས་རེད། 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། བདེ་ཆེན་ཁུལ་ཏང་ཨུ་དྲིལ་སྒྲོག་པུའུ་དང་གུང་གཞོན་ཚོགས་པ་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ངང་གཉེར་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང“སྡེ་ཁུལ་དུ་སྐྱེལ་བ”ཞེས་པའི་དཔེ་སྟོན་དྲིལ་སྒྲོག་བྱ་འགུལ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་ནས་སྤེལ་བ་རེད། 

བྱ་འགུལ་ཁྲོད་བདེ་ཆེན་ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཝང་ཆིང་དང་། དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གི་ལས་དོན་མི་སྣ་ཧུའུ་ཞའོ་ཡན། སེམས་ཀྱི་ཉི་ཟླ་ཚོད་ལྟའི་སློབ་ཆུང་ནས་ཡོང་བའི་སློབ་ཆུང་སློབ་མས《དམར་དམག་རྒྱང་སྐྱོད་ཀྱིས་བདེ་ཆེན་བརྒྱུད་པའི་རླབས་ཆེའི་དོན་སྙིང》དང《དམར་དམག་རྒྱང་སྐྱོད་བྱེད་དུས་བདེ་ཆེན་བརྒལ་བའི་གཏམ་རྒྱུད》། 《དེང་རབས་ཡུས་ཀུང་གི་ཕུགས་འདུན་འཚོལ་བའི་གཏམ་རྒྱུད》བརྗོད་གཞི་གཙོ་བོར་བཟུང་ནས། སྡེ་ཁུལ་གྱི་ཏང་ཡོན་མང་ཚོགས་རྣམས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲོག་བཤད་དང་། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་རྟོགས་པ། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཚོར་བ། ཏང་གི་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བཅས་ཀྱི་སྒོ་ནས་ན་གཞོན་དག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་བའི་བརྩེ་སེམས་དང་འགན་འཁྲི་བསླངས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།