ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ཕུལ་བའི་མེ་ཏོག་ཚོམ་བུ་ཞིག

2.jpg

3.jpg

4.jpg

5.jpg

6.jpg

7.jpg


རྒྱལ་ཡོངས་ཀྱིས་ཕྱོགས་སོ་སོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་འཁོར100ལོན་པའི་སྐྱེས་སྐར་བསུ་བའི་སྐབས་འདིར། བདེ་ཆེན་ཁུལ་གྱི་རྒན་གཞོན་ཕོ་མོ་དག་གིས་ཀྱང་ཏང་གི་བཀའ་དྲིན་དྲན་བཞིན་བསྟོད་གླུ་དང་བསྔག་བརྗོད་ཀྱི་འཁྲིག་ཆའི་ཁྲོད་དུ་འཐིམ་ཡོད་ལ། བཀྲ་ཤིས་དགའ་སྟོན་ལ་རོལ་བའི་དུས་འདིར་ནགས་ལྕོག་རི་བོའི་རི་ལུང་ཀུན་དུ་སྟག་མའི་མེ་ཏོག་དང་སུ་རུའི་མེ་ཏོག་གིས་བརྒྱན་ཡོད་པ་དང་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་ཁྱབ་ཡོད།

ད་ལོ་བདེ་ཆེན་དུ་ཆར་ཆུ་ཉུང་ལ་སྐམ་གཤིས་ཆེ་བས་ནགས་ལྕོག་རི་བོའི་སྟག་མའི་མེ་ཏོག་བཞད་པར་ཅུང་འགོར་འགྱངས་བྱུང་བ་དང་། ཡིན་ཡང་ཉེ་སྔོན་གློ་བུར་དུ་བདེ་ཆེན་དུ་ཆར་ཆུ་ཅུང་མོད་ལ། རི་ལུང་ཀུན་དུ་རྩྭ་དང་རྩི་ཤིང་རབ་ཏུ་རྒྱས་བས་ནགས་ལྕོག་རི་བོའི་སྟག་མའི་མེ་ཏོག་དང་སུ་རུ་མེ་ཏོག་གཙོ་བྱས་པའི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་དེ་རི་ལུང་འདི་མཛེས་པའི་མེ་ཏོག་གིས་བརྒྱན་ཏེ། འདི་ཡང་བདེ་ཆེན་མང་ཚོགས་ཀྱིས་ཆེད་དུ་ལོ་བརྒྱའི་དགའ་སྟོན་ལ་གྲ་སྒྲིག་བྱས་པའི་མེ་ཏོག་སྣ་བརྒྱའི་ཚོམ་བུ་ཞིག་དང་གཉིས་སུ་མེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།