ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་ཆེད་དོན་འགྲེམས་སྟོན་བྱ་འགུལ་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

པར་འདི་དག་ནི་བྱ་འགུལ་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན་བདེ་ཆེན་ཁུལ་བོད་རིགས་རང་སྐྱོང་ཁལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་ཆེད་དོན་འགྲེམས་སྟོན་དེ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད། 

ཟླ6པའི་ཚེས26ནས་ཟླ12པའི་ཚེས31ཉིན་བར་དུ་རྒྱ་ཆེའི་མང་ཚོགས་རྣམས་གནས་དེར་ཕེབས་ནས་འགྲེམས་སྟོན་ལ་གཟིགས་ཆོག་པ་རེད།

ཐེངས་འདིའི་ཆེད་དོན་འགྲེམས་སྟོན་གྱི་ནང་དོན་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལམ་བུ་དང་། ཏང་གི་བདེ་ཆེན་གྱི་འཕེལ་རྒྱས་ལོ་རྒྱུས། བདེ་ཆེན་ལ་ཏང་གི་མགོ་ཁྲིད་འོག་བྱུང་བའི་འཕོ་འགྱུར་ཆེན་པོ་སོགས་ཚུད་ཡོད་ལ། རི་མོ་དང་ཡི་གེ་མཉམ་རྒྱས་དང་། བརྒྱུད་ལམ་སྣེ་མང་སོགས་ཀྱི་མཚོན་ཚུལ་རྣམ་པ། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བཅས་ཀྱི་ངང་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་ཚེགས་ལྡན་པའི་རྒྱང་སྐྱོད་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྔར་ལས་ལྷག་པའི་སྒོ་ནས་ཚོར་ཐུབ་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་འཕེལ་རྒྱས་ཀྱི་བློ་གྲོས་བསྡུ་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྲོད་མདུན་སྐྱོད་ཀྱི་སྒུལ་ཤུགས་སྐུལ་སློང་བྱ་རྒྱུ་ཡང་ཁྲིད་སྟོན་བྱས་པ་རེད།

རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་དེ་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར་བྱས་ན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་ཤེས་རྟོགས་དང་ཏང་གི་མགོ་ཁྲིད་འོག་བདེ་ཆེན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་ཡར་བརྩོན་བྱས་ནས་ཐོབ་པའི་གྲུབ་འབྲས་སོགས་ཚོར་མྱོང་བྱེད་ཐུབ་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།