ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་བྱ་འགུལ་སྣ་ཚོགས་སྤེལ་ནས་ཏང་གི་འཁྲུངས་སྐར་བསུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདུན་གཅིག་ཐོན་ལ་ཉེ་བའི་སྐབས་འདིར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལས་རིགས་སོ་སོ་དང་མི་རིགས་སོ་སོའི་མི་དམངས་ཀྱིས་རིག་རྩལ་བྱ་འགུལ་སྣ་མང་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད། ཟླ6པའི་ཚེས26ཉིན་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་དུ་རིག་རྩལ་འཁྲབ་སྟོན་བྱས་ནས་སྡེ་ཁུལ་གྱི་གྲོང་མིས་ཐུན་མོང་ཐོག་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

ཉེ་ཆར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོ་དང་མཐུན་སྒྲིལ་གྲོང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་བ་ཞུ་བའི་རྟེན་འབྲེལ་བྱ་འགུལ་སྤེལ་ཞིང་།  ཐེངས་འདིའི་བྱ་འགུལ་ནང་གླུ་གཞས་དང་སྐོར་བྲོ་སོགས་ཀྱི་རྣམ་པའི་ཐོག་ནས་དེ་རིང་གི་བདེ་སྐྱིད་ཞི་མཐུན་གྱི་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་བསྔགས་བརྗོད་དང་ཞི་བདེའི་གྲོང་ཚོ་དང་མཐུན་སྒྲིལ་གྲོང་ཚོའི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱིས་ཏང་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་མཚོན་པ་དང་། བློ་བརྟན་འགྱུར་མེད་ཀྱི་དད་སེམས་ཐོག་ནས་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་མཚོན་པར་བྱས་ཡོད།

བདེ་ཆེན་ཁུལ་ཐད་གཏོགས་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་ཨུ་དང་། ཁུལ་ཨུའི་ལས་བྱེད་རྒན་གྲས་ཅུའུ། བདེ་ཆེན་ཁུལ་གྱི་རྒན་རྒོན་སློབ་ཆེན་བཅས་ཀྱིས་གསར་བརྗེའི་གླུ་གཞས་བཏང་སྟེ་ཏང་གི་བཀའ་དྲིན་གྱི་མི་རིགས་མཐུན་སྒྲིལ་ཆེ་མོར་བསྟོད་བསྔགས་བརྗོད་པའི་མཉམ་སྤྲོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།

ཟླ6པའི་ཚེས25ཉིན་བདེ་ཆེན་ཁུལ་ཐད་གཏོགས་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་གྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱ་འགུལ་སྤེལ་བ་རེད། ཉིན་དེར་བདེ་ཆེན་ཁུལ་ལས་བྱེད་རྒན་གྲས་ཅུའུ་ཡི་རྩ་འཛུགས་འོག་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ཏང་ཡོན220ལྷག་ཙམ་གྱིས་གླུ་གཞས་གཏོང་བ་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་སྤྲོའི་བྱ་འགུལ་ཆེན་པོར་བརྟེན་ནས་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་བརྗོད་པ་རེད།

ཟླ6པའི་ཚེས23ཉིན་བདེ་ཆེན་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་སེམས་ཀྱི་ཉི་ཟླ་ཟློས་གར་ཁང་དུ་བདེ་ཆེན་ཁུལ་གྱིས་ཆུང་འབྲིང་སློབ་མའི་གླུ་གཞས་འགྲན་བསྡུར་སྤེལ་བ་རེད། ཐེངས་འདིའི་འགྲན་བསྡུར་དེ་སློབ་ཆུང་དང་སློབ་འབྲིང་གི་ཚོགས་ཆུང་གཉིས་བགོས་ཡོད་པ་དང་། བདེ་ཆེན་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་འཐུས་མི་རུ་ཁག14ནས་ཡོང་བའི་སློབ་མ600ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།