ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔ་རྗེས་སུ་གྲོང་ཁྱེར་འཛུགས་སྐྲུན་གྱི་འགྲོ་ལམ་དང་སྐྱེད་ཚལ་སྔོ་འགྱུར་སོགས་གྲོང་ཁྱེར་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭ་ལག་བསྟར་བྱས་ནས། གྲོང་ཁྱེར་གྱི་ནུས་པ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་གྱི་ཁྱད་ཆོས་ཟབ་ཏུ་བཏང་བས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།

གྲོང་ཁུལ་གསར་རྙིང་འབྲེལ་མཐུད་བྱེད་པའི་ཤམ་བྷ་ལ་སྤྱི་གླིང་གིས་བོད་བཟོའི་ཁྱད་ཆོས་གཙོ་བོར་བྱས་ནས་སྣོད་བཅུད་དང་། རིག་གནས། གསོན་ཤུགས་བཅས་གཞི་རྒྱུ་ཆེན་པོ་གསུམ་ལ་དམིགས་ཏེ་ཐང་ཆེན་ཆེན་པོ་གསུམ་དང་། རོལ་རྩེད་ཁང་། ལན་ཆིའུ་སྤོ་ལོ་ཐང་། རྐང་རྩེད་སྤོ་ལོའི་ཐང་སོགས་རོལ་རྩེད་དང་ལུས་སྦྱོང་སྒྲིག་ཆས་འཛོམས་པར་བྱས་ནས། མི་རྣམས་ཀྱིས་འདི་ནས་ངལ་གསོ་དང་། ལུས་ཕུང་སྦྱོང་བརྡར། རོལ་རྩེད་སོགས་བྱས་ཏེ།གྲོང་ཁྱེར་འཕེལ་རྒྱས་བྱུང་བ་ལས་བྱུང་བའི་འགྱུར་ལྡོག་ལ་རོལ་བཞིན་ཡོད།

 “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྣམ་གྲངས་གལ་ཆེན20འཛུགས་སྐྲུན་བྱེད་འགོ་བཙུགས་ནས། མ་དངུལ་སྒོར་དུང་ཕྱུར107.9བཏང་བ་རེད། གྲོང་ཁྱེར་གྱི་གཞུང་ལམ་ཐད་མཁའ་འགྲོ་ལམ་ཆེན་དང་མགྲོན་བསུ་ལམ་ཆེན་སོགས་ལམ་དྲའི་ལས་གྲྭ6གསར་སྐྲུན་བྱས་པ་དེའི་སྤྱིའི་རིང་ཚད་སྤྱི་ལེ23ཙམ་ཟིན། སྔ་རྗེས་སུ་གཞུང་ལམ་སྒྱུར་བཀོད་ལས་གྲྭ13ལག་བསྟར་བྱས་པ་དང་སྤྱིའི་རིང་ཚད་སྤྱི་ལེ5.6ཙམ་ཟིན།

མིག་སྔར་གཞུང་ལམ་ཚང་མ་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད། སྤྱི་གླིང་སྔོ་འགྱུར་ཐད་མ་དངུལ་སྒོར་དུང་ཕྱུར4.3བཏང་ནས་ཀླུ་ཆུ་སྤྱི་གླིང་དང་། ཤམ་བྷ་ལ་སྤྱི་གླིང་སོགས་སྤྱི་གླིང་ཐང་ཆེན11དང་དེ་བཞིན་གཞུང་ལམ20སྔོ་འགྱུར་བྱས་པས། གྲོང་ཁྱེར་གྱི་མི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། ཁོར་ཡུག་འཕྲོད་བསྟེན་ཐད་གཙང་སྦྲ་ཁྲོམ་ར་ཅན་དུ་འཁོར་སྐྱོད་བྱས་ནས་གཙང་སྦྲ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི350ཟིན་ཡོད་པ་རེད།

ད་ལྟ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མ་ལམ་གཙོ་བོའི་ཐོག་བསྐྱོད་སྐབས་གཞོགས་གཉིས་ཀྱི་སྔོ་ལྗང་ཁུལ་གྱི་ལྗོན་ཤིང་སྔོ་ཐིང་ཐིང་དང་།ཀླུ་ཆུ་དང་ནག་ཆུའི་ངོགས་སུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ།མཛེས་པའི་མེ་ཏོག་གང་སར་ཁྱབ་པ་སོགས་མི་རྣམས་ཀྱིས་ལྗང་མདོག་གི་འཚོ་བ་དང་མཁའ་རླུང་གཙང་མ་རྔུབ་པའི་གདམ་ག་ཡག་ཤོས་ཤིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།