ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་རྫོང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས། རྫོང་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང2015ལོའི་སྒོར་དུང་ཕྱུར24.57ནས2020ལོའི་སྒོར་དུང་ཕྱུར41.89བར་འཕར་སྣོན་བྱུང་སྟེ། ལོ་རེར་ཆ་སྙོམས་སུ11.9%འཕར་བ་དང་། མང་ཚོགས་ཀྱི་སྐྱིད་སྣང་མུ་མཐུད་དུ་མཐོར་འདེགས་བྱུང་།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བདེ་ཆེན་རྫོང་གི་མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་དེ་སྒོར28710ནས་སྒོར40488བར་འཕར་བ་དང་འཕར་ཚད41%ཡིན། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་དེ་སྒོར6516ནས་སྒོར10045བར་འཕར་སྣོན་བྱུང་སྟེ་འཕར་ཚད54.2%ལ་སླེབས། བདེ་ཆེན་རྫོང་གིས་བསྟུད་མར་ལོ་གསུམ་ལ་རྒྱལ་ཡོངས་ཀྱི་བདེ་འཇགས་འཛུགས་སྐྲུན་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ།

དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་གསར་བ་ཐོབ། དབུལ་ཐར་འགག་སྒྲོལ་རིང་བདེ་ཆེན་རྫོང་གིས་བསྡོམས་པས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར36.78བཏང་སྟེ། རྫོང་ཡོངས་ཀྱི་ཁྱིམ་ཚང2810ཡི་ཚགས་འཛུགས་བྱང་སྒྲིག་མི་འབོར12280ཡོངས་རྫོགས་དབུལ་ཐར་བྱུང་སྟེ། དབུལ་ཕོངས་རྫོང32ཚང་མ་དབུལ་ཕོངས་ཀྱི་གྲས་ནས་བུད།

དམངས་འཚོ་འགན་སྲུང་ཕྱོགས་ནས། རྫོང་ཡོངས་ཀྱི་ནོར་སྲིད་ཁྲོད་སྒོར་དུང་ཕྱུར123.78དམངས་འཚོའི་ཐད་བཀོལ་སྤྱོད་བྱས་ཤིང་། ནོར་སྲིད་སྤྱིའི་འགྲོ་གྲོན་གྱི83.8%ཟིན། ཞིང་སྡེ་རིམ་པའི་བྱིས་གཉོར་ཁང35དང་ཤང་གྲོང་གི་བྱིས་གཉོར་ཁང7། རྫོང་རིམ་པའི་དཔེ་སྟོན་བྱིས་གཉོར་ཁང1བཅས་འཛུགས་སྐྲུན་བྱས། བསྡོམས་པས་གྲོང་རྡལ་གྱི་ལས་ཞུགས་མི་སྣ5673གསར་སྣོན་བྱས་པ་དང་ཞིང་སྡེའི་ངལ་རྩོལ་བ་མི་ཐེངས40510སྤོ་སྒྱུར་བྱས།

བདེ་ཆེན་རྫོང་གི་རྫོང་ཧྲིལ་བོར་རླངས་འཁོར་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ2348ལ་སླེབས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་བསྡུར་ན་ལྡབ1.55འཕར་ཡོད། ལམ་ངོས་ཀྱི་གཏོང་སྒྲིག་བྱེད་ཚད་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི42%ནས92%བར་མཐོར་འདེགས་བྱུང་སྟེ། སྲིད་འཛིན་སྡེ་བའི་ཞིང་སྡེ་འགྲུལ་སྐྱེལ་ཁྱབ་ཚད100%ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།