ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

པར་འདི་ནི་ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ཟམ་ཆེན་རེད། 

3.jpg

པར་འདི་ནི་ལས་དོན་མི་སྣས་ཟམ་ཆེན་སྟེང་དུ་ལས་ཀ་ལས་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དེ་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། གཞུང་ལམ་གྱི་རྨང་གཞི་དང་ཟམ་པའི་འཛུགས་སྐྲུན་ཆ་ནས97%ལེགས་འགྲུབ་བྱུང་ཡོད། ལམ་ཐིག་ཧྲིལ་བོའི་ཕུག་ལམ20ནང་ཕུག་ལམ16ཤར་གཏོང་ཐུབ་པ་དང་མེ་འཁོར་འབབ་ཚུགས3གྱི་མེ་འཁོར་སྒུག་ས་དེ་ཕྱོགས་ཡོངས་ནས་རྒྱན་བཟོ་བྱེད་བཞིན་པའི་རིམ་པར་སླེབས་ཡོད་ལ། ལྕགས་ལམ་འདིང་བའི་ལས་གཞི་བཟོ་སྐྲུན་དེ་སྤྱི་ལེ13ཙམ་ལེགས་འགྲུབ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་རིང་ཚད་ལ་སྤྱི་ལེ140ཡོད་པ་དང་། འཛུགས་སྐྲུན་མཇུག་སྒྲིལ་ནས་ཤར་གཏོང་ཐུབ་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་རྒྱུ་ཡིན་པ་མ་ཟད། ཁུན་མིན་གྲོང་ཁྱེར་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་དུས་ཚོད4ཡི་ནང་སླེབས་ཐུབ་པ་མངོན་འགྱུར་བྱུང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།