ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ཕྱི་ཡོང་ནད་པ4ཇེ་མང་དུ་སོང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཀྱིས་བརྡ་སྦྱོར་ལྟར་ན། ཟླ6པའི་ཚེས22ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་རང་སའི་ནད་རྟགས་ཐག་བཅད་པའི་ནད་པ་དང་ནད་རྟགས་མེད་པའི་ནད་པ་གཅིག་ཀྱང་མེད། སྐམ་ལམ་བརྒྱུད་ནས་ཡོང་བའི་ནད་རྟགས་མེད་པའི་ཕྱི་ཡོང་གི་ནད་པ4ཡོད་པ་དང་། ཚང་མ་ཀྲུང་གོའི་མི་ཡིན་ལ། ནད་པ3ལའོ་ཝུའོ་རྒྱལ་ཁབ་ནས་ཡོང་བ་དང་ནད་པ1འབར་མ་ནས་ཡོང་བ་རེད། ཟླ6པའི་ཚེས22ཉིན་གྱི་ཆུ་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་ནད་རྟགས་ཐག་བཅད་པའི་ནད་པ39(ཕྱི་ཡོང་གི་ནད་པ38དང་རང་སའི་ནད་པ1)དང་། ནད་རྟགས་མེད་པའི་ནད་པ5(ཚང་མ་ཕྱི་ཡོང་གི་ནད་པ་ཡིན)བྱུང་བ་དང་། ཚང་མ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་ལོགས་བཀར་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།

ཕྱི་ཡོང་གི་ནད་པ4ཡི་ཁྲོད་ནད་པ3ལའོ་ཝུའོ་རྒྱལ་ཁབ་ནས་གཞི་སྡོད་བྱས་ཡོད་པ་དང་། ནད་པ1འབར་མ་རྒྱལ་ཁབ་ནས་གཞི་སྡོད་བྱས་ཡོད། ཟླ6པའི་ཚེས21ཉིན་མཐའ་མཚམས་ཀྱི་སྐམ་ལམ་བརྒྱུད་ནས་ཀྲུང་གོར་ཡོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་གནས་ཁེལ་གཅིག་བསྡུ་ལོགས་བཀར་ས་ཚིགས་སུ་ལོགས་བཀར་ལྟ་ཞིབ་བྱས་པ་རེད། ཟླ6པའི་ཚེས21ཉིན་ནས་ཚེས22ཉིན་བར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉིང་བསྐྱུར་ཚད་ལེན་བརྟག་བཤེར་བྱས་པས་གདགས་གཤིས་སུ་མངོན་པས། གནས་ཁེལ་སྨན་ཁང་དུ་ལོགས་བཀར་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།