ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་དུ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་མཚོན་རྟགས་བཙུགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་ཐང་ཆེན་དང་། ཉི་མ་སེར་པོའི་ཐང་ཆེན། ཟླ་འོད་ཐང་ཆེན། ཤམ་བྷ་ལ་སྤྱི་གླིང་། དཀྱིལ་འཁོར་ཐང་ཆེན་སོགས་སུ་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཚོན་རྟགས་བཙུགས་པ་དང་། མཚོན་རྟགས་ནི་ཏང་རྟགས་དང་། ཨང་ཀི100 །  ཨང་ཀི1921 ། ཨང་ཀི2021 དེ་བཞིན་འོད་ཐིག56བཅས་ལས་གྲུབ་ཡོད།  མཚོན་རྟགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་གྱི་སྒོ་ནས་ཀྲུང་གོའི་མི་དམངས་སྣེ་ཁྲིད་དེ། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། དཀའ་སྤྱད་འབད་འཐབ་བྱས་པའི་ལོ་ངོ་བརྒྱ་ཡི་འོད་ཟེར་འཕྲོ་བའི་ལམ་རིམ་གསོན་ཉམས་དོད་པོའི་སྒོ་ནས་མཚོན་ཡོད་པ་རེད། །   

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།