ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འབྲིང་རྒྱུགས་ཁྲོད་ཞུགས་པའི་སློབ་མ4264ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། 2021ལོའི་ཡུན་ནན་ཞིང་ཆེན་གྱི་འབྲིང་རྒྱུགས་མགོ་བརྩམས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འབྲིང་རྒྱུགས་ཁྲོད་ཞུགས་པའི་སློབ་མ4264ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་འབྲིང་རྒྱུགས་ཀྱི་དུས་ཚོད་ནི་ཟླ6པའི་ཚེས16ཉིན་ནས་ཟླ6པའི་ཚེས19ཉིན་བར་ཡིན་པས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལོ་རིམ་དགུ་པའི་སློབ་མ2090དང་ལོ་རིམ་བརྒྱད་པའི་སློབ་མ2174འབྲིང་རྒྱུགས་ལ་ཞུགས། གྲོང་ཁྱེར་ཡོངས་སུ་རྒྱུགས་ཁུལ1དང་རྒྱུགས་སྤྲོད་ས་ཚིགས5ཡོད་པ་ལས“དངོས་གཞིའི་རྒྱུགས་གནས”ནི་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་དང་པོ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གཉིས་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གསུམ་པ་བཅས་སུ་བཀོད་སྒྲིག་བྱས་ཡོད་པ་དང་། རྒྱུགས་ཚིགས་གཞན་ཞིག་ནི“གྲབས་སྤྱོད་རྒྱུགས་ཚིགས”དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགེ་རྒན་འཕེལ་རྒྱས་ལྟེ་གནས་སུ་བཀོད་སྒྲིག་བྱས་ཡོད་པ་དང་ཁྱོན་རྒྱུགས་ར168ཡོད། དུས་ཡུན་ཉིན4ཡི་ཡིག་རྒྱུགས་ནང་ལོ་རིམ་དགུ་པའི་རྒྱ་ཡིག་དང་རྩིས་རིག དབྱིན་ཡིག ཀུན་སྤྱོད་དང་ཁྲིམས་ལུགས། ལོ་རྒྱུས། དངོས་ལུགས། རྫས་འགྱུར་བཅས་ཀྱི་བསླབ་ཚན7དང་། ལོ་རིམ་བརྒྱད་པའི་སྐྱེ་དངོས་དང་ས་ཁམས། ཆ་འཕྲིན་ལག་རྩལ་བཅས་ཁྱོན་བསླབ་ཚན10ཡོད། ཡིག་རྒྱུགས་ལེན་སྐབས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུའུ་ཡིས་སྤྱི་བདེ་དང་འཕྲོད་བསྟེན་བདེ་ཐང་སོགས་འབྲེལ་ཡོད་སྡེ་ཁག་དང་རང་འགུལ་ངང་མཐུན་སྦྱོར་ཧུར་ཐག་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་གྱིས་ཇུས་གཞི་བཟོས་ཏེ་ལས་བགོས་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་ཡོང་བ་བྱས་ནས་བདེ་ཐང་གི“ཡིག་རྒྱུགས”དང་། གཞུང་དྲང་གི“ཡིག་རྒྱུགས”བརྟན་འཇགས་ངང“རྒྱུགས་ལེན”དྲོ་སྐྱིད་དང“སློབ་སྦྱོང”བཅས་ཡོང་བར་འགན་ལེན་བྱས། ལྷག་པར་དུ་ད་ལོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པ་རུ་དམིགས་བསལ་སློབ་གསོའི་སློབ་གྲྭའི་རྒྱུགས་སྤྲོད་སློབ་མ20ལ་ཆེད་མངགས་གྲ་སྒྲིག་བྱས་པའི་གཅེས་སེམས་མཚོན་པའི་རྒྱུགས་ར་བཀོད་སྒྲིག་བྱས་པ་དང་། སྐབས་དེ་དུས་རྒྱུགས་སྤྲོད་སློབ་མ4དེ་གར་རྒྱུགས་སྤྲོད་པར་ཡོང་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།