ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་བའི་བ་གཞི་གུང་གསེང་སྐབས་སུ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི20.27སྣེ་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

པར་འདི་དག་ནི་བདེ་ཆེན་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་སོ་སོ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ལྔ་བའི་བ་གཞི་གུང་གསེང་སྐབས་སུ་བདེ་ཆེན་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི20.27ཙམ་སྣེ་ལེན་བྱས་པ་དེ་དུས་མཉམ་དང་བསྡུར་ན15.91%འཕར་ཡོད་ལ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི12078.62ཙམ་མངོན་འགྱུར་བྱུང་བ་དེ་དུས་མཉམ་དང་བསྡུར་ན5.79%འཕར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལྔ་བའི་བ་གཞི་གུང་གསེང་སྐབས་སུ་བདེ་ཆེན་ཡུལ་སྐོར་ཁྲོམ་ར་ཡིས་ལམ་ཐུང་ཉེ་འཁོར་དུ་ཡུལ་སྐོར་བྱེད་པ་དང་། སྤྲོ་འཆམ་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་སོགས་གཙོ་བོར་བཟུང་ནས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་བྱེད་པ་ནི་སྔར་བཞིན་ཡུལ་སྐོར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད། ཡུལ་སྐོར་བ་གཙོ་བོ་ནི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་དང་ས་གནས་ཀྱི་སྡོད་དམངས་ཡིན། 

གཞན་ཡང་ཡུལ་སྐོར་བ་རྣམས་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པའི་ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། འབའ་ལྷག་དཀར་རྫོང་། སྨན་རི་གངས་རི་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་འདུས་པ་དང་། མི་ཆོས་མཛེས་ལྗོངས་ཁུལ་གཙོ་བོ་དགའ་ལྡན་སུམ་རྩེན་གླིང་དུ་ཡང་མི་མང་པོ་འདུས་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་པས། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དང་། བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་སོགས་ཀྱང་ལྔ་བའི་བ་གཞི་གུང་གསེང་སྐབས་ཀྱི་ཡུལ་སྐོར་བྱེད་གནས་གཙོ་བོ་རུ་གྱུར་ཡོད། 

ད་ལོའི་ལྔ་བའི་བ་གཞི་གུང་གསེང་དེ2021ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་འཕྲད་པས། བདེ་ཆེན་ཁུལ་གྱིས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཡུལ་སྐོར་བ་མང་པོ་བསུས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།