ཀྲུང་གོ་བོད་ཀྱི་དྲ་བ།

ཕུ་མདའ་མཚོའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

5.jpg

1623062385057_224_2048x1363.jpg

པར་འདི་དག་ནི་ལྔ་བའི་བ་གཞིའི་གུང་གསེང་སྐབས་ཀྱི་ཡུལ་སྐོར་བ་རྣམས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན་ནི་ལྔ་བའི་བ་གཞིའི་གུང་གསེང་གི་ཉིན་དང་པོ་ཡིན་ལ། ཕུ་མདའ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གིས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་མང་པོ་བསུས། ཤེས་རྟོགས་བྱུང་བར་གཞིགས་ན། ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ལྔ་བའི་བ་གཞི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་བདེ་ཆེན་མི་དམངས་མང་ཚོགས་ལ་བཀའ་དྲིན་ཞུ་ཆེད། ལྔ་བའི་བ་གཞིའི་རིན་མེད་སྒོས་ཡུལ་སྐོར་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བས། ཉིན་དེར་ས་གནས་ཀྱི་མང་ཚོགས་མི་ཉུང་བ་ཞིག་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་དུ་སླེབས་པ་རེད། མི་རྣམས་ཀྱིས་ལྗོངས་ཁུལ་དུ་དགའ་སྤྲོས་ངང་པར་བླངས་ནས། རི་མཐོ་དང་རྩྭ་ཐང་། མཚེའུ་བཅས་ཀྱི་རང་བྱུང་ཡུལ་ལྗོངས་རོལ་མྱོང་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།