ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ཏང་ཨུས་ཏང་གི་ལོོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་རྩ་འཛུགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1623060728076_846_1000x750.jpg

5bfa89b3b2d99e5849e09547725a1f9.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། བདེ་ཆེན་ཁུལ་ཨུའི་གཞུང་ལས་ཁང་གིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ། རྒྱལ་ཐང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་དང་གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར། སྔོན་བྱོན་གསར་བརྗེའི་བའི་གཏམ་རྒྱུད་ལ་ཉན་པ། རླབས་ཆེ་བའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཉམས་སུ་མྱོང་བ་བཅས་བྱས།

བྱེད་སྒོ་སྤེལ་བའི་རིང་ཚང་མ་ཏ་ལ་གནས་སྤོས་ཡུལ་མིའི་གྲོང་ཚོ་གསར་པའི་ལམ་མདོ་ནས་རྐང་ཐང་གྱིས་འགྲོ་ཞོར་དང་བལྟ་ཞོར་ཆིན་ཁུག་དོན་རྐྱེན་གྱི་རྗེས་ཤུལ་དུ་བསྐྱོད་པ་རེད། འགྲེལ་བཤད་མཁན་གྱི་འགྲེལ་བཤད་འོག་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་སྔོན་བྱོན་པའི་བྱས་རྗེས་རླབས་ཆེན་ཕྱིར་དྲན་བྱས་ཏེ། ཏང་རྩ་འཛུགས་ཀྱི་གོང་བུ་གཅིག་སྒྲིལ་དང་། དམག་འཐབ་ཀྱི་ནུས་པ། ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་། ཉིན་དེར་ད་དུང་ཏང་ཞུགས་དམ་བཅའ་བསྐྱར་སྦྱོང་བྱས་པ་དང་ཏང་གི་ལོ་རྒྱུས་ཀྱི་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ།

ཚང་མས་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དཀའ་ངལ་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་གསར་བརྗེ་ཡར་བརྩོན་གྱི་སྙིང་སྟོབས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གསར་བརྗེའི་སྔོན་བྱོན་པ་མིག་དཔེར་བཟུང་ནས་ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་པ། རང་གི་འགན་འཁྲིར་དགའ་ཞེན་བྱེད་པ། རང་རེའི་ཏང་གི་སྲོལ་རྒྱུན་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་སླད་ཕྱིན་གྱི་ལས་དོན་དང་འཚོ་བ་སློབ་སྦྱོང་བྱེད་སྐབས། ཏང་གིས་སྒྲུབ་པའི་སྲོལ་རྒྱུན་བཟང་པོ་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅིངས་ནས། མ་འོངས་པའི་གསར་གཏོད་དང་མུ་མཐུད་འབད་འཐབ་བཅས་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།