ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར114.74རྩིས་སྤྲོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གི་ཆ་འཕྲིན་ལྟར་ན། ད་ལོར་ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར114.74གྲངས་གསོག་བྱས་ཏེ་རྩིས་སྤྲོད་བྱས།

ཟླ5བར་ཁྱབ་བསྒྲགས་བྱས་པའི《ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་གིས2021ལོའི་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་བདག་སྐྱོང་ཚད་གཞིའི་བརྡ་སྦྱོར》ལྟར་ན། 2021ལོར་གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཞིང་ཆེན་རིམ་པའི་མཛུབ་སྟོན་ཚད་གཞི་དེ་མི་རེར་ཟླ་རེར་སྒོར640རེ་ཡོད་པ་ནས་མི་རེར་ཟླ་རེར་སྒོར660རེ་བར་ཇེ་མཐོར་བཏང་། ཞིང་སྡེའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཞིང་ཆེན་རིམ་པའི་མཛུབ་སྟོན་ཚད་གཞི་དེ་མི་རེར་ལོ་རེར་སྒོར4500རེ་ནས་མི་རེར་ལོ་རེར་སྒོར4770བར་ཇེ་མཐོར་བཏང་། མཁར་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་མཛུབ་སྟོན་ཚད་གཞི་དེ་གཅིག་གྱུར་གྱིས་མི་རེར་ཟླ་རེར་སྒོར858རེ་བར་ཇེ་མཐོར་བཏང་། ཚད་གཞི་གསར་བ་དེ་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་གྲབས་གསོག་དང་རྩིས་སྤྲོད་བྱས་པའི་ཆེད་སྤྱོད་མ་དངུལ་དེ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་བདག་སྐྱོང་དང་གནས་སྐབས་ཀྱི་རོགས་སྐྱོར། སློང་མོ་བ་དང་འཁྱམས་པོའི་རོགས་སྐྱོར། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་གི་འགྲོ་སོང་བཅས་ཀྱི་ཐད་བཀོལ་སྤྱོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།