ཡུན་ནན་ཞིང་ཆེན་གྱིས་ད་ལོར“རོགས་གསུམ་སྐྱོར་གཅིག”གི་ལས་རྐང་ལ་མི792བསྡུ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི2021ལོའི“རོགས་གསུམ་སྐྱོར་གཅིག”(སློབ་གསོ་དང་ཞིང་ལས། སྨན་བཅོས་བཅས་ལ་རོགས་འདེགས་བྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པ)གི་འཆར་གཞི་ལ་མི་བསྡུའི་ཐོ་འགོད་བྱ་བ་མགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་མི792བསྡུ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོར་གདན་ཞུ་བྱ་ཡུལ་ནི2018ལོའི་ཟླ1པོའི་ཚེས1ཉིན་རྗེས་ནས་སློབ་མཐར་ཕྱིན་པའི་རྒྱལ་དམངས་སློབ་གསོའི་མཐར་ཕྱིན་སློབ་མ་ཡིན་པ་མ་ཟད། སློབ་གསོ་པུའུ་ཡིས་ངོས་ལེན་ཐོབ་པའི་ཆེད་སྦྱོང་རིམ་པ་དང་དེའི་ཡན་གྱི་བསླབ་གནས་ཡོད་མཁན་ཡིན་ལ། བྱེ་བྲག་གི་བླང་བྱ་ནི་ལས་རྐང་རེའུ་མིག་ཏུ་གསལ། 2018ལོའི་ཟླ1པོའི་ཚེས1ཉིན་གྱི་རྗེས་ནས་དམག་ཞབས་ལས་ཐོན་པའི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་དམག་མི་ཡིན་ན། དམག་ཞབས་ལ་མ་སོང་གོང་ངེས་པར་ཏུ་མཐོ་རིམ་དཀྱུས་མའི་སློབ་གསོའི་སློབ་བསྡུའི་འཆར་གཞིའི་ཆེད་སྦྱོང་རིམ་པ་དང་དེའི་ཡན་གྱི་བསླབ་གནས་ཡོད་དགོས།

གདན་ཞུའི་ཡིག་རྒྱུགས་དུས་ཚོད་ནི་ཟླ6པའི་ཚེས19ཉིན་གྱི་ཆུ་ཚོད9ནས11བར་ཡིན། ཡིག་རྒྱུགས་ལ་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞི་ཡིན་པ་དང་། ནང་དོན་ལ་སྤྱི་བའི་རྨང་གཞིའི་ཤེས་བྱ་ཡིན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།