ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གི་རྫ་ཆུའི་འབབ་རྒྱུད་དུ་སྔ་རབས་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་གནའ་ཤུལ་ཐོག་མར་རྙེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20210607151658.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན། ཡུན་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་། བདེ་ཆེན་རྫོང་རིག་དངོས་དོ་དམ་སུའོ། བདེ་ཆེན་རྫོང་རྟེན་རྫས་བཤམས་སྟོན་ཁང་བཅས་ཀྱིས་གྲུབ་པའི་རིག་དངོས་རྩད་ཞིབ་ཚན་ཆུང་གིས་བདེ་ཆེན་རྫོང་ཀུ་ཆུ་ཤུགས་གློག་ཁང་གི་ཆུས་བསྣུབས་པའི་ས་ཁུལ་དུ་རིག་དངོས་རྟོག་ཞིབ་བྱས། བདེ་ཆེན་རྫོང་བླ་རི་ཤང་ལུགས་ཐུང་ཅང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་རྩད་ཞིབ་བྱེད་སྐབས་རྫིང་སྐམ་གྲོང་ཚོའི་གྲོང་མིའི་ཚན་ཆུང་གིས་གནའ་ཤུལ་ཞིག་རྙེད་པ་དང་། གནའ་ཤུལ་དེ་བདེ་ཆེན་རྫོང་ཁོངས་ཀྱི་རྫ་ཆུའི་འབབ་རྒྱུད་དུ་རྙེད་པའི་སྔ་རབས་མིའི་རིགས་ཀྱི་བྱེད་སྒོ་སྤེལ་བའི་གནའ་ཤུལ་ཐོག་མ་ཡིན།

微信图片_20210607151714.png

ཟླ5པའི་ཚེས22ཉིན་ནས་ཟླ5པའི་ཚེས23ཉིན་བར། རྟོག་ཞིབ་ཚན་ཆུང་གིས“རྫིང་སྐམ་གནའ་ཤུལ”ལ་ཞིབ་ཕྲའི་རྟག་དཔྱད་བྱས་བར། “རྫིང་སྐམ་གནའ་ཤུལ”དེ་བདེ་ཆེན་རྫོང་བླ་རི་ཤང་ལུགས་ཐུང་ཅང་གྲོང་ཚོའི་གྲོང་མིའི་ཚན་ཆུང་གི་དེ་སྔའི་སྡོད་གནས་གྱི་ཤར་ངོས་སུ་ཡོད་ཅིང་། གྲོང་མིས་ངོ་སྤྲོད་བྱས་པ་ལྟར་ན། བང་རིམ་འདི་ས་རྒོད་དུ་བསྐྱུར་བ་དང་། དུས་རབས་གོང་མའི་ལོ་རབས70པར་ས་རྒོད་གསར་སློག་བྱེད་སྐབས་ལུགས་ཐུང་ཅང་གྲོང་ཚོའི་རྒན་རབས་པས་རྡོའི་པུར་སྒམ་དང་རྫ་ཆས་ཕྱིར་བཏོན་མྱོང་བར་བཤད།

རྟོག་ཞིབ་ཚན་ཆུང་གིས་དེ་སྔ་གསར་དུ་གཞིས་ཆགས་པའི་ས་དཀྱིལ་གྱི་ཤར་ནུབ་ཕྱོགས་ཀྱི་ཆིན་ཀུའུ་ལྷོའི་ས་ཁོངས་སུ་གདོད་མའི་རིག་གནས་བང་རིམ་དང་མེ་སྤྱད་གནའ་ཤུལ་སོགས་ཀྱི་ཤུལ་ཡོད་པའི་ནང་ཆིན་ཀུའུ་ལྷོ་རྒྱུད་དུ་བརྟག་དཔྱད་བྱས་པ་ལས་རྙེད་པའི་ཤུལ་བཞག་ཨང་རྟགས་ནི“རྫིང་སྐམ་རྗེས་ཤུལAཁུལ”དང་། ཆིན་ཀུའུ་བྱང་ངོས་ས་ཁུལ་དུ་བརྟག་དཔྱད་བྱས་ཏེ་རྙེད་པའི་ཤུལ་བཞག་གི་ཨང་རྟགས་ནི“རྫིང་སྐམ་རྗེས་ཤུལBཁུལ”དུ་གཏན་འཁེལ་བྱས་པ་རེད།

微信图片_20210607151707.png

རྫིང་སྐམ་གནའ་ཤུལAཁུལ་གྱི་ཁྲོད་དུ་ལས་དོན་མི་སྣས་ཁྱོན་བསྡོམས་པས་རྗེས་ཤུལ8ཤེས་རྟོགས་བྱུང་ཡོད་ལ། དེའི་ནང་གི་གནའ་ཤུལ་གཉིས་ཀྱི་གཤགས་ངོས་གཙང་སེལ་བྱེད་སྐབས་རིག་གནས་རིམ་པ5ཡོད་པ་དང་། རྫ་ཆས་ཀྱི་ཆག་རོ་གྲངས་ལས་འདས་པ་ཡོད་པ་ཤེས་རྟོགས་བྱུང་ཞིང་། རྟོག་ཞིབ་ཚན་ཆུང་གིས་གནའ་ཤུལAཁུལ་གྱི་ལྟེ་བའི་གཤགས་ངོས་སུ་གཙང་སེལ་དང་རྟོག་ཞིབ་བྱས་ཏེ་གཤགས་ངོས་ཀྱི་རྩྭ་ངན་དང་ས་རོ་གཙང་སེལ་གཙང་མ་བྱས་ཏེ་གཤགས་ངོས་གཙང་སེལ་བྱེད་སྐབས་ཤེས་རྟོགས་བྱུང་བའི་ས་རིམ5ལ་དབྱེ་ཞིང་། རྫིང་སྐམ་གནའ་ཤུལBཁུལ་གྱི་བཅད་ངོས་སུ་ས་རིམ་སྤུངས་བའི་ཁྲོད་དུ་རྡོ་བརྩིགས་གྱང་ལྡེབས་ཆེན་པོ་དྲུག་རྙེད་པ་དང་། གྱང་དེ་དག་རྡོ་རིམ་རྐྱང་བ་མ་གཏོགས་མེད། དེ་ནི་གནའ་བོའི་གྱང་ཞིག་ཡིན་ཤས་ཆེ་ལ། གཞན་ཡང་བང་རིམ་དཀྱིལ་དབུས་ས་ཁུལ་གྱི་རྡོའི་གྱང་གི་ཉེ་འགྲམ་དུ་མེ་སྤྱད་པའི་རྟགས་མཚན་ཞིག་རྙེད་པ་དང་། དེའི་ནང་ནས་གཙོ་བོ་སོལ་བ་ཁག་གཅིག་དང་ས་བསྲེགས་རིལ་བུ་རྙེད་ལ། གཙང་བཤེར་བྱས་པའི་གནའ་ཤུལ་གཉིས་ཀྱི་ཁྲོད་དུ་ཕྱིར་མངོན་པའི་རྡོའི་པུར་སྒམ་གྱི་བང་སོ་རྙེད་མ་བྱུང་།

རྗེས་ཤུལ་དེའི་ཆ་ཤས་གཤགས་ངོས་དང་། ས་འོག་ནས་ཐོན་པའི་རྫས་ཆས་ཆགས་རོ། ཐལ་རྡུལ་བཅས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས། རྟོག་ཞིབ་ཚན་ཆུང་གིས་གནའ་ཤུལ་དེ་དང་རྫ་ཆུ་འབབ་རྒྱུད་དུ་ཁྱབ་པའི་རྡོའི་པུར་སྒམ་མང་པོའི་དུར་ས་ལ་འབྲེལ་བ་དམ་ཟབ་ཡོད་པར་ཐོག་མའི་ངོས་འཛིན་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།