ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་རྒྱལ་ཐང་གྲོང་རྡལ་གཞིས་ཁུལ་གྱིས་བདེ་ཐང་ཤེས་བྱའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་པ་ཚོ་རྒྱལ་ཐང་གྲོང་རྡལ་ན་རྒས་མཐུན་ཚོགས་བྱ་འགུལ་ལྟེ་གནས་སུ་ཕྱིན་ཏེ་བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒན་པ་རྣམས་ལ་ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་པའི་འབྲེལ་ཡོད་ཤེས་བྱ་དང་བདེ་ཐང་ཤེས་བྱར་རྒྱུས་ལོན་བྱེད་དུ་བཅུག་པ་མ་ཟད། རྒན་པ་རྣམས་ལ་རིན་མི་དགོས་པར་ཁྲག་ཤེད་དང་ཁྲག་མངར། སྙིང་ཚད་སོགས་ལ་ཚད་འཇལ་བྱས་པས། དྲིལ་སྒྲོག་བྱ་འགུལ་ལ་ལོ་ལོན་རྣམས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཐོབ་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།