ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཡ་ལིན་བདེ་ཆེན་དང་ས་དམ་དུ་བརྟག་ཞིབ་གནང་བར་ཕེབས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་དབྱང་ཡ་ལིན་ལགས་ཀྱིས་བརྟག་ཞིབ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཡ་ལིན་བདེ་ཆེན་ཁུལ་དང་ས་དམ་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་བོད་འབྲེལ་ལས་དོན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཚུལ། མི་རིགས་ཆོས་ལུགས། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཆབ་སྲིད་ཀྱི་གནས་འབབ་མཐོར་གཏོང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། ཞིང་ཨུ་བོད་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཀོང་ཧའེ་དང་། ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལ་མ•ཤིང་ཀའོ་བཅས་བརྟག་ཞིབ་ནང་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་དབྱི་ཀྲི་ཡིས་རང་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ལ་དམིགས་ནས་བརྟག་ཞིབ་ཚོགས་ཆུང་ལ་སྙན་སེང་ཞུས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།