ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་གྲྭ་བཙུན26ལ་ཚད་རམས་པ་དང་འབྲིང་རམས་པའི་བསླབ་གནས་ཐོབ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

མཚན་གནས་སྤྲོད་པའི་མཛད་སྒོའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར་ཡུན་ནན་ཞིང་ཆེན་སྐབས་གསུམ་པའི་བོད་བརྒྱུད་ནང་བསྟན་གྱི་ཚད་རམས་པའི་མཚན་གནས་དང་འབྲིང་རམས་པའི་མཚན་གནས་སྤྲོད་པའི་མཛད་སྒོ་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སྤེལ་བ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གསུམ་གྱི་ཡིག་རྒྱུགས་སྤྲད་པ་བརྒྱུད། དགེ་འདུན་པ་56ཁྲོད་དགེ་འདུན་པ6ལ་འབྲིང་རམས་པའི་བསླབ་གནས་ཐོབ་པ་དང་། དགེ་འདུན་པ་20ལ་ཚད་རམས་པའི་བསླབ་གནས་ཀྱི་མཚན་གནས་ཐོབ་པ་མ་ཟད། མཚན་གནས་སྤྲོད་པའི་མཛད་སྒོའི་ཐོག་བསླབ་གནས་ལག་ཁྱེར་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་བརྒྱུད་ནང་བསྟན་གྱི་མཚན་གནས་དེ་དམའ་རིམ་དང་འབྲིང་རིམ། མཐོ་རིམ་བཅས་རིམ་པ་གསུམ་ལ་དབྱེ་བ་དང་ཚད་རམས་པ་དང་། འབྲིང་རམས་པ། མཐོ་རམས་པ་བཅས་ནི2003ལོར་རྒྱལ་ཁབ་ཆོས་ལུགས་ཅུའུ་དང་ལས་དོན་ཅུའུ་ཡིས་བོད་བརྒྱུད་ནང་བསྟན་གྱི་དོན་དངོས་དང་འཕྲད་པའི་གནས་ཚུལ་ལ་གཞིགས་ནས་བཙུགས་པ་ཞིག་རེད། ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་གསར་པ་ཞིག་དང་སྲོལ་རྒྱུན་གྱི་དཔེ་སྦྱོང་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་མཚན་གནས་སློབ་གསོ་དང་སློབ་གནས་འཕར་བའི་མ་ལག་གསར་རྐྱང་ཞིག་ཀྱང་ཡིན་པ་རེད།

ཀྲུང་གོའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཀྱིས2015ལོར་དངོས་སུ་ཁྱབ་བསྒྲགས་བྱས་པའི《བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་ཐབས(ཚོད་བསྟར)》ནང་གཏན་འབེབས་བྱས་དོན། ཚད་རམས་པ་དང་འབྲིང་རམས་པའི་མཚན་གནས་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་བསྟན་ཚོགས་པས་སྤེལ་བའི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གནང་བ་ཞིག་ཡིན། ཡུན་ནན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་གྲྭ་བཙུན་གྱི་སློབ་གསོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས2017ལོ་དང་2019ལོར་ཁག་སོ་སོར་སྐབས་གཉིས་ཀྱི་མཚན་གནས་རྒྱུགས་ལེན་སྒྲིག་འཛུགས་བྱས་པ་དང་། རིམ་རྩིས་བྱས་ན་ཚད་རམས་པ48དང་འབྲིང་རམས་པ88སྤྲད་པ་དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སློབ་གསོའི་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་འཐུས་ཚང་དུ་ཕྱིན་པ་མཚོན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།