ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་སྐབས་དྲུག་པའི་གངས་རི་ལ་མཆོད་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

5.jpg

2.jpg

4.jpg

3.jpg

གོང་གི་པར་འདི་དག་ནི་གངས་རི་ལ་མཆོད་པའི་བྱ་འགུལ་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30ཉིན། བདེ་ཆེན་རྫོང་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གཙོ་འགན་ཁུར་ཞིང་། རྫོང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བའི་བདེ་ཆེན་རྫོང་གི་སྐབས་དྲུག་པའི་རི་མཆོད་བྱ་འགུལ་ཇོ་བོ་ནམ་མཁའ་བཀྲ་ཤིས་ལྗོངས་གཟུགས་སྟེགས་བུའི་སྟེང་དུ་སྤེལ།

“རི་མཆོད”དེ2014ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ནང་བཞག་པ་དང་། 2016ལོའི་ཟླ5བའི་ཚེས13ཉིན་བདེ་ཆེན་རྫོང་གི་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས23པའི་ཐོག་ལོ་རེའི་ཟླ5བའི་ཚེས30ཉིན་དེ“སྨན་རི་གངས་རི་ལ་མཆོད་པའི་ཉིན་མོར”གཏན་ཁེལ་བྱེད་པར་འཐད་པ་བྱུང་།

བདེ་ཆེན་རྫོང་གི་གངས་རི་ལ་མཆོད་པའི་བྱ་འགུལ་དེ་ནི་སྲོལ་རྒྱུན་གྱི་དམངས་སྲོལ་བྱ་འགུལ་ཞིག་ཡིན་ལ། དེས་མི་དང་རང་བྱུང་འཆམ་མཐུན་མཉམ་འདྲེས་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་བསྔགས་དང་སྨོན་འདུན་ཞུ་བ་མཚོན་ཡོད་པ་མ་ཟད། བྱ་འགུལ་ཁྲོད་བོད་རིགས་སྐྱེས་པས་འཁྲབ་སྟོན་བྱེད་བཞིན་པའི་དཔའ་གཞས་ནི་བརྗིད་ཉམས་ལྡན་པ་ཞིག་ཡིན་ལ། དེ་དག་གིས་ལུས་ལ་གཟབ་མཆོར་སྤྲས་ཤིང་ལག་ལ་གྲི་རིང་བཟུང་སྟེ། ངག་ལས་སྐད་འདོན་ཞོར་བྲོ་འཁྲབ་པའི་རྣམ་པ་དེ་ཡིས་ཡུལ་སྐོར་བ་མང་པོའི་ཡིད་སེམས་དབང་མེད་དུ་བཀུགས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།