ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་བྱ་འགུལ་འདི་འདྲ་ཞིག་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས24ཉིན་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཡིག་གཟུགས་འགྲན་བསྡུར་དང་བསྟན་དོན་འཆད་འགྲེལ། གཏམ་བཤད་འགྲན་བསྡུར་བྱས་པ་བརྒྱུད་དགེ་འདུན་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་བཀའ་དྲིན་ཚོར་རྒྱུར་ཁྲིད་སྟོན་བྱས་པ་རེད།

2.jpg

ཉིན་དེའི་སྔ་དྲོའི་ཆུ་ཚོད9པར་སློབ་གླིང་ཡོངས་ཀྱི་དགེ་འདུན་པ་དང་ལས་བཟོ་ཚོས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་འབྲེལ་གསར་བརྗེའི་གླུ་གཞས་གཏོང་བའི་བྱེད་སྒོ་སྤེལ་ནས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་ཞེས་པའི་གླུ་གཞས་སོགས་བླངས། དགེ་འདུན་པ་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཚང་མས་ལག་ནང་གི་དར་དམར་གཡོ་འགུལ་བཏང་སྟེ་གླུ་སྒྲས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

3.jpg

བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་ལས་ལྷག་སོགས་དང་། བོད་ཡིག་ཡིག་གཟུགས་འགྲན་བསྡུར་ནང་དགེ་འདུན་པ་ཚོས་བློ་རྩེ་གཅིག་སྒྲིམ་སྒོས་སྨྱུག་རྩལ་ལ་བརྟེན་ནས་བོད་ཡིག་ཡིག་གཟུགས་རེ་རེ་བཞིན་ཏང་ལ་སྨོན་འདུན་ཞུས་པ་དང་ཏང་ལ་བརྩི་བཀུར་དང་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་ཡོད།ཉིན་དེར་དགེ་འདུན་པ་ཚོས་ད་དུང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོར་དམིགས་ནས་བསྟན་དོན་འཆད་འགྲེལ་དང་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།