ཀྲུང་གོ་བོད་ཀྱི་དྲ་བ།

གཏེར་མ་རོང་གི་གྲོང་མིར་ཐོན་ལས་ཀྱི་ཁེ་འབབ་སྒོར་མོ་ཁྲི90བགོས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གསེར་ཆུ་ཞིང་པའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་གཏེར་མ་རོང་ཞིན་ལེན་གྲོང་ཚོའི2020ལོའི་བོད་བྱ་གསོ་སྤེལ་དང་ཀུ་ཀུ་ཤ་མོ་འདེབས་འཛུགས་བྱས་པའི་དུད་ཚང30ལྷག་ཙམ་ལ་ཁེ་འབབ་སྒོར་མོ་ཁྲི90བགོས་པ། མཐོ་ཤོས་ལ་ཁྱིམ་རེར་སྒོར་མོ་ཁྲི5ཐོབ་པ་རེད།

2.jpg

    ཤེས་རྟོགས་བྱུང་བ་ལྟར་ན། 2020ལོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཁྱོན་ཞིང་དུད་ལ་བྱ་ཕྲུག་ཁྲི1བགོས་ལ། བྱུ་ཕྲུག8000ཕྱིར་བསྡུ་ཐུབ་ལ། ཀུ་ཀུ་ཤ་མོ་སྤྱི་རྒྱ1ཕྱིར་བསྡུས་ཤིང་ཁྱོན་སྒོར163སླེབས་པ་རེད། 2010ལོར་ཀུང་སི་དབུ་བརྙེས་ཚུན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཤ་མོའི་རིགས་དང་སྨན་རྫས་ཚད་ལྡན་ཅན་འདེབས་འཛུགས་བྱེད་པའི་རྨང་གཞིའི་ཐོག    གཏེར་མ་རོང་གི་བོད་བྱ་དང་བོད་བྱའི་སྒོ་ངའི་ཚོང་རྟགས་གསར་སྤེལ་བྱས་པ་རེད། “ཏང་ཀྲི་པུའུ+མཉམ་ལས་ཁང+དབུལ་པོ”བཅས་ཀྱི་ལས་གཉེར་གྱི་རྣམ་པས“གཅིག་གྱུར་མྱུ་གུ་འདེབས་འཛུགས་དང་གཅིག་གྱུར་དོ་དམ། གཅིག་གྱུར་ཞིབ་དཔྱོད་ཚད་ལེན། གཅིག་གྱུར་ཚོང་རྟགས། གཅིག་གྱུར་ཕྱིར་ཚོང་། གཅིག་གྱུར་གསོ་སྦྱོང་། དེ་བཞིན་རིན་མེད་ལག་རྩལ་ཞབས་ཞུས་གྲོང་མི་ཚོར་མྱུ་གུ་དང་ལག་རྩལ་མཛུབ་ཁྲིད་། རྩལ་ནུས་གསོ་སྦྱོང་དང་གྲོང་མི་བཞག་པའི་ཁེ་སྤོབས་འགན་ཁུར་གྱི་ཚུར་བསྡུའི་གན་རྒྱ་ཧུར་ཐག་སྐུལ་ཁྲིད་བྱས་ནས།གྲོང་མིར་བོད་བྱ་གསོ་བར་སྐུལ་ཁྲིད་བྱས་ཤིང་། གཞོན་ནུ་རྣམས་མཉམ་ལས་ཁང་དུ་ཡོང་ནས་ནུས་རྩལ་ཞིག་བསླབ་པར་སྐུལ་སློང་བྱས་ནས་མ་འོངས་པར་ལས་གཏོད་ལ་ཕན་བདེ་སྐུན་པ་རེད།

3.jpg

    2016ལོ་ནས་བཟུང་ཀུང་སིས་གཏེར་མ་རོང་ཞིན་ལེན་མང་ཚོགས་ལ་རིན་མེད་ཀྱིས་བྱ་ཕྲུག6ལྷག་ཙམ་འདོན་སྤྲོད་བྱས་ལ། ཀུ་ཀུ་ཤ་མོ་ཏུན་ཁྲི30ལྷག་འདེབས་འཛུགས་བྱེད་པར་སྐུལ་ཁྲིད་བྱས། འདིས་ས་གནས་ཀྱི་ཞིང་དུད1000ལྷག་ཙམ་དང་དབུལ་ཕོངས་ཞིང་དུད100ལྷག་ཙམ་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར8000སྐྲུན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།