བདེ་ཆེན་ཁུལ་གྱིས་མཐོ་རྒྱུགས་དང་འབྲིང་རྒྱུགས་གྲ་སྒྲིག་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བདེ་ཆེན་ཁུལ་གྱིས“བདེ་ཐང་མཐོ་རྒྱུགས་དང་བདེ་འཇགས་མཐོ་རྒྱུགས”ཀྱི་སྤྱིའི་དམིགས་ཚད་གཞིར་བཟུང་། བྱ་བའི་འགན་འཁྲི་ནན་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱུགས་ལེན་བྱ་བ་གཉིས་ཀར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ། མཐོ་རྒྱུགས་གཙོ་གནད་དུ་བཟུང་ནས་རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་ལས་དོན་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་དང་སློབ་གྲྭ་གསུམ་གྱི་སློབ་མའི་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཟླ6པའི་ཚེས7ནས9ཉིན་བར་ཡིན་པ་དང་། 2021ལོའི་འབྲིང་རྒྱུགས་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཟླ6པའི་ཚེས16ནས་ཚེས20ཉིན་བར་རེད། གསར་འགོད་པས་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་ཁུལ་ཡོངས་ཀྱི་སློབ་མ2542ཀྱིས་མཐོ་རྒྱུགས་ལ་མིང་ཐོ་བཀོད་ཡོད་པ་དང་། སློབ་མ4444ཡིས་འབྲིང་རྒྱུགས་ལ་མིང་ཐོ་བཀོད་ཡོད། ད་ཐེངས་ཀྱི་མཐོ་རྒྱུགས་ལ་ཁུལ་ཡོངས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབའ་ལུང་རྫོང་གི་རྒྱུགས་ཁུལ་གཉིས་དང་། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་རིག་གནས་ལོ་རྒྱུས་ཁོངས་གཏོགས་ཀྱི་རྒྱུགས་ཁུལ། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཁོངས་གཏོགས་དང་སློབ་གྲྭ་གསུམ་གྱི་སློབ་མའི་རྒྱུགས་ཁུལ། འབའ་ལུང་རྫོང་གི་སློབ་འབྲིང་དང་པོའི་རྒྱུགས་ཁུལ་གྱི་ས་ཚིགས་གསུམ་དང་། ཁུལ་བོད་ཡིག་སློབ་འབྲིང་དང་འབའ་ལུང་རྫོང་སློབ་འབྲིང་གསུམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྲ་སྒྲིག་གི་རྒྱུགས་སྤྲོད་ས་ཚིགས2། སྤྱི་བསྡོམས་པས་ཚད་ལྡན་ཅན་གྱི་རྒྱུགས་ར72དང་རིམས་ནད་སྔོན་འགོག་ཚོད་འཛིན་གྲ་སྒྲིག་རྒྱུགས་རའི་ཁང་མིག7བཅས་ཡོད། འབྲིང་རྒྱུགས་ལ་ཁུལ་ཡོངས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། བདེ་ཆེན་རྫོང་། འབའ་ལུང་རྫོང་བཅས་རྒྱུགས་ཁུལ3དང་རྒྱུགས་སྤྲོད་ས་ཚིགས8བཙུགས་ཡོད།

འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་ཡིག་རྒྱུགས་བདེ་འཇགས་དོ་དམ་བྱ་བ་ལེགས་པར་སྒྲུབ་ཆེད། ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་ཁུལ་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་མཉམ་དུ་ནན་ཏན་གྱིས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ། མཐོ་རྒྱུགས་རིམས་འགོག་ཚན་ཆུང་གི་ལག་བསྟར་ཇུས་གཞི་བཟོས་པ་དང་འབྲེལ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འཕྲལ་བསྟུན་སྦྱོང་བརྡར་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།