བདེ་ཆེན་ཁུལ་གྱིས་འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་གི་རྒན་རྒོན་ལ་ལུས་པོར་བརྟག་དཔྱད་བྱས།

51d75774-7384-43dd-b6e3-b37dcc47257b.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། བདེ་ཆེན་ཁུལ་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་འཆར་ལྡན་བུ་བཙའི་དཀའ་ངལ་ཡོད་པའི་དམིགས་བསལ་ཁྱིམ་ཚང་གི་རྒན་རྒོན10ལ་སྨན་རིན་མི་དགོས་པར་ལུས་པོར་བརྟག་དཔྱད་བྱས། ཐེངས་འདིའི་ལུས་པོར་བརྟག་དཔྱད་བྱེད་སྐབས་རིན་ཐང་སྒོར1000ཅན་གྱི་ལུས་པོར་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱས་པ་དང་། དེའི་དམིགས་ཡུལ་ནི་འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་གི་རྒན་རྒོན་གྱི་བདེ་ཐང་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། ནད་གཞི་ཡོད་པ་སྔ་མོ་ནས་ཤེས་རྟོགས་དང་དེ་ལ་སྔ་མོ་ནས་སྨན་བཅོས་བྱེད་ཐུབ་པར་བྱས་པ་མ་ཟད། བྱེད་སྒོའི་ནང་ཞུགས་མཁན་གྱི་རྒན་རྒོན་ཚོར་དྲིལ་བསྒྲགས་ཞབས་ཞུའི་ཁུག་མའང་སྤྲད་ཡོད་པ་རེད།

རྗེས་མར་བདེ་ཆེན་ཁུལ་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྔར་བས་ཡག་པོར་སྒྲུབ་པ་དང་། ཐུགས་ཁུར་དང་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ནན་ཏན་གྱིས་སྤེལ་ནས། ཁོང་ཚོར་སྲིད་གཞུང་གི་དོན་དངོས་ཀྱི་ཞབས་ཞུ་དང་། དོན་དངོས་ཀྱི་ཐུགས་ཁུར་ཚོར་ཐུབ་པར་བྱས་ཏེ་འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་གི་བློ་ཡིད་ཚིམ་ཚད་དང་བདེ་སྣང་མཐོ་རུ་གཏང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།