ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་སྐབས་གཉིས་པ་སྤེལ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

QQ截图20210524082019.jpg

QQ截图20210524083235.jpg

QQ截图20210524084135.jpg

QQ截图20210524084201.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5པའི་ཚེས20ཉིན་གྱི་ཕྱི་དྲོར།  བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པ་དང་།  བདེ་ཆེན་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་སྒྲུབ་འགན་འཁུར་བའི་བདེ་ཆེན་ཁུལ་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་སྐབས་གཉིས་པ་སེམས་ཀྱི་ཉི་ཟླ་ཟློས་གར་ཁང་ཆེན་དུ་སྤེལ་བ་རེད།

རྫོང་དང་གྲོང་ཁྱེར་གསུམ་གྱི་འཁྲབ་སྟོན་ཚོགས་པ་ཡིས་རྣམ་པར་བཀྲ་བའི་ལེ་ཚན་ སྣ་ཚོགས་འཁྲབ་སྟོན་བྱས་པ་དང་།  དབང་པོ་སྐྱོན་ཅན་དག་གི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དང་སྤྲོ་སྣང་ཡར་ཐོན་གྱི་ཉམས་འགྱུར་མངོན་པ་དང་།  ཁོ་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་བརྟན་པོ་དང་།  ཁོ་ཚོའི་འཚོ་བ་ལ་གཅེས་སྤྲས་དང་ཕུགས་འདུན་ལ་བརྩོན་ལེན།  མ་འོངས་ལ་རེ་སྨོན་བཅས་བྱེད་པའི་རྣམ་པ་མཚོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།