ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམ་བསྐོ་བྱ་བའི་བཀོད་སྒྲིག་གྲོས་ཚོགས་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་གྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་གྲོས་ཚོགས་ཀྱི་སྐབས་བརྗེའི་འདེམ་བསྐོ་བྱ་བའི་བཀོད་སྒྲིག་གྲོས་ཚོགས་འཚོགས་ནས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་གྲོས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་གྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་གྲོས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བ་བཀོད་སྒྲིག་བྱས།

བདེ་ཆེན་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱི་ཀྲི་གྲོས་ཚོགས་ལ་ཞུགས་པ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་།

གྲོས་ཚོགས་སྟེང་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོ་བཟང་པོ་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་མཐའ་འཁྱོངས་བྱེད་པའི་ལག་ལེན་གལ་ཆེན་ཞིག་དང་། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ། གཞི་རིམ་རྒྱལ་ཁབ་སྲིད་དབང་ལ་ཤུགས་སྣོན་རྒྱག་པའི་འགན་ལེན་གལ་ཆེན་ཞིག མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་འགན་ལེན་གལ་ཆེན་ཞིག་བཅས་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཐེངས་འདིའི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཏང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གཅིག་གྱུར་ཡོང་བ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།