ཀྲུང་གོ་བོད་ཀྱི་དྲ་བ།

2025ལོར་ཡུན་ནན་གྱི་རྒྱལ་ལམ་དཀྱུས་མའི་རིམ་པ་གཉིས་པ་དང་དེའི་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད70%བརྒལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། 《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ལམ་དང་ཞིང་ལམ་འཛུགས་སྐྲུན་དོ་དམ་བདག་སྐྱོང་ལ་ཤུགས་སྣོན་པའི་བྱ་བའི་སྐོར་གྱི་བསམ་འཆར》དངོས་སུ་བཀྲམ་ནས་ལག་བསྟར་བྱས། 《བསམ་འཆར》ནངལོ་ལྔའི་འཆར་གཞི་བཅུ་བཞི་པའིའཕེལ་རྒྱས་དམིགས་འབེན་ཡང་དག་པར་གཏན་འཁེལ་བྱས་དོན། G219རིམ་འཕར་བསྒྱུར་བཀོད་ལག་བསྟར་དང་། ལམ་རྒྱུད་མཐོ་རིམ་གཞུང་ལམ་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱེད་པར། ཧུར་ཐག་གིསG214དངG353སོགས་ཀྱི་རྒྱལ་ལམ་བསྒྱུར་བཀོད་ལ་སྐུལ་འདེད། རྒྱལ་ལམ་དང་ཞིང་ལམ་དཀྱུས་མའི་གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། 2025ལོར་རྒྱལ་ལམ་དཀྱུས་མའི་རིམ་པ་གཉིས་པ་དང་དེའི་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད70%ལ་སླེབས་རྒྱུ་དང་། ཞིང་ལམ་རིམ་པ་གསུམ་པ་དང་དེའི་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད50%ཡན་ལ་སླེབས་རྒྱུ། རྒྱལ་ལམ་དང་ཞིང་ལམ་དཀྱུས་མའི་གཞུང་ལམ་ཆ་སྙོམས་ཀྱིས་ལེགས་ཚད80%ལ་སླེབས་རྒྱུ་བཅས་རེད། 

ཡུན་འབྲིང་དང་ཡུན་རིང་གི་འཕེལ་རྒྱས་དམིགས་འབེན་ནི་རྒྱལ་ལམ་དང་ཞིང་ལམ་དཀྱུས་མ་འཛུགས་སྐྲུན་ལ་ཤུགས་སྣོན་དང་བསྒྱུར་བཀོད་ནུས་ཤུགས་རིམ་པ་ཇེ་མཐོར་གཏོང་བ་དང་། ཁྱོན་ཡོངས་ནས་རྫོང་རིམ་པ་ཡན་གྱི་སྲིད་འཛིན་ཁུལ་དང་སྦྲེལ་མཐུད། མི་འབོར་གཅིག་འདུས་ཁུལ། གནམ་གྲུ་ཐང་དང་ལྕགས་ལམ་སྐྱེལ་འདྲེན་སོགས་ཀྱི་འགྲིམ་འགྲུལ་ལྟེ་གནས། མཐའ་མཚམས་འགག་སྒོ། གསར་སྤེལ་ས་ཁུལ་གཙོ་བོ། ཡུལ་སྐོར་ལྗོངས་རྒྱུ་གཙོ་གནས་ས་ཁུལ། ནང་ཁུལ་གྱི་གཙང་བོའི་གྲུ་ཁ་བཅས་ཀྱི་རྒྱལ་ལམ་དང་ཞིང་ལམ་དྲ་རྒྱ་གྲུབ་པར་བྱས་ནས། རིམ་བཞིན་མྱུར་བགྲོད་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ། གཞུང་ལམ་ལྟེ་གནས་ས་ཚིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གཞན་དག་གི་བྱེད་ཐབས་གཅིག་དྲིལ་ཅན་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ། 2035ལོར། རྒྱལ་ལམ་དཀྱུས་མའི་རིམ་པ་གཉིས་པ་དང་དེའི་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད90%ཡན་ལ་སླེབས་རྒྱུ་དང་། ཞིང་ལམ་དཀྱུས་མའི་རིམ་པ་གསུམ་པ་དང་དེའི་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད90%ཡན་ལ་སླེབས་རྒྱུ། རྒྱལ་ལམ་དང་ཞིང་ལམ་དཀྱུས་མའི་གཞུང་ལམ་ཆ་སྙོམས་ཀྱིས་ལེགས་ཚད་སྒོ་ནས90%ལ་སླེབས་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།