ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས16ཉིན། བདེ་ཆེན་རྫོང་བྲག་ཞབས་ཤང་གི་རྒྱ་ཆེའི་མང་ཚོགས་སྔ་མོ་ནས་ཤང་འཕྲོད་བསྟེན་ཁང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་གནས་སུ་ཡོང་ནས། གྲལ་བསྒྲིགས་ཏེ་འགོག་སྨན་རྒྱག་པར་སྒུག་ཡོད།
རྫོང་འདིས་ཉིན་འགར་བསྟུད་མར་རེས་འཁོར་གསར་བའི་འགོག་ཁབ་རྒྱག་མགོ་བརྩམས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་འགོག་ཁབ་རྒྱག་པའི་འདུ་ཤེས་ཇེ་དྲག་དང་འགོག་ཁབ་རྒྱག་འདོད་ཆེ་བས། མི་རྣམས་གྲལ་རིང་པོ་བསྒྲིགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་འགོག་ཁབ་རྒྱག་བཞིན་ཡོད།
ཟླ5པའི་ཚེས16ཉིན་བར། བྲག་ཞབས་ཤང་དུ་བསྡོམས་པས་སྐོར་ཁག་བཞི་རུ་བགོས་ཏེ་འགོག་ཁབ་བརྒྱབ་པ་དང་། ཐེངས་དང་པོར་བསྡོམས་པས་འགོག་ཁབ2320བརྒྱབ་པ་དང་། སྡེ་བའི(སྡེ་ཁུལ)ན་གཞོན་དང་བླངས་པ་མི་ཐེངས50རྩ་འཛུགས་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
བདེ་ཆེན་རྫོང་བྲག་ཞབས་ཤང་གི་མང་ཚོགས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་པའི་འདུ་ཤེས་ཇེ་དྲག་ཏུ་གྱུར།