དབྱར་ཟླ་ལྔ་བའི་ནགས་ཕག་མཚོ་ཡི་མཛེས་ཉམས།

དབྱར་ཟླ་ལྔ་བའི་ནགས་ཕག་མཚོ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཟླ་ལྔ་བ་སླེབས་པའི་ཚུན། བདེ་ཆེན་མཐོ་སྒང་གི་ནམ་ཟླ་རིམ་བཞིན་ཇེ་དྲོར་ཕྱིན་པ་དང་། རི་ལུང་ཀུན་དུ་ས་བོན་ལ་མྱུ་གུ་འབུས་ཤིང་།  ལྷག་པར་དུ་ནགས་ཕག་མཚོ་རུ་ཐུན་མོང་མ་ཡིན་པའི་མཛེས་ཉམས་ཤིག་མངོན་པ་རེད། 

བརྗིད་ཆགས་ཀྱི་ཤྭ་ཁ་རི་བོའི་འདབས་ན།  སྔོ་ལྗང་གི་སྤང་ལྗོང་དཀྱིལ་ན། ལྷོད་ཀྱིས་རྒྱུ་བའི་སྤྲིན་པ་ཐ་ཐོར་ཀྱི་མཁའ་འོག་ན། ནགས་ཕག་མཚོ་ནི་མེ་ལོང་ནང་དུ་འཆར་བའི་དག་པའི་ཞིང་དང་འདྲ་བར་མཚོ་རླུང་འཇམ་པོའི་ཁྲོད་ན་རྟ་ནོར་ལུག་གསུམ་གྱིས་འཚོ་བཅུད་ལྡན་པའི་རྩྭ་ཆུ་ལ་རོལ་བཞིན་པ་དེ་ཡོད་ཚད་ཀྱིས་ལྟ་ན་སྡུག་པའི་རི་མོ་ཞིག་གྲུབ་ཡོད། 

ཉེ་བའི་ལོ་ཤས་རིང་ས་གནས་སྲིད་གཞུང་གིས་ནགས་ཕག་མཚོའི་འདམ་རའི་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་བསྟུན། གནས་དེའི་སྐྱེ་དངོས་སྣ་མང་གི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། ས་གནས་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོབ་ཀྱི་འདུ་ཤེས་ཡང་མཐོ་རུ་སོང་ནས་རྩྭ་ཐང་དང་ཕྱུགས་སྐྱོང་དོ་མཉམ། མི་དང་སྲོག་ཆགས་མཉམ་གནས་ཀྱི་འཆམ་མཐུན་གྱི་སྐྱེ་ཁམས་མ་ལག་ཅིག་གྲུབ་པ་ཡིན། དབྱར་ཟླ་ལྔ་བའི་ནགས་ཕག་མཚོ་རུ་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཐའ་འཁོར་གྱི་གྲོང་མི་ཚོས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་བ་མ་ཟད། རི་སྔོ་ཆུ་དྭངས་ནི་གསར་རི་དངུལ་རི་ཡིན་པའི་རྣམ་པ་དངོས་གནས་ཆགས་ཡོད་པ་རེད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།