ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ4རིང་ཡུན་ནན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར967ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཁུན་མིང་སྒོ་ཁྲལ་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ4རིང་ཡུན་ནན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར967ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན55.2%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་ཚེག26.7མཐོ་བ་རེད།

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ4བར་ཡུན་ནན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར225ལ་སླེབས་པ་དང་། དུས་མཉམ་ལས42.1%འཕར་ཡོད། དེའི་ནང་ཕྱིར་གཏོང་གི་སྤྱི་འབོར་སྒོར་དུང་ཕྱུར97.2དང་དུས་མཉམ་ལས62.5%འཕར་ཡོད། ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར127.8འཕར་བ་དང་དུས་མཉམ་ལས29.7%འཕར་ཡོད།

སྒོ་ཁྲལ་བསྡོམས་རྩིས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ4རིང་། ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱིས་ཤར་ཕྱོགས་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ། ཨ་རི་བཅས་སོ་སོའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར456དང་སྒོར་དུང་ཕྱུར52.4། སྒོར་དུང་ཕྱུར85.1བཅས་ཡིན་པ་དང་། དུས་མཉམ་ལས་སོ་སོར48.5%དང་ལྡབ1.9། ལྡབ17.6བཅས་འཕར་ཡོད། དེའི་ནང་ཤར་ཕྱོགས་མནའ་འབྲེལ་ནི་ཡུན་ནན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་རོགས་ཟླ་ཆེས་ཆེ་བ་དེ་ཡིན་ལ། དུས་མཉམ་གྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་འབོར་གྱི47.2%ཟིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།