ཀྲུང་གོ་བོད་ཀྱི་དྲ་བ།

ནགས་ཕག་མཚོ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ངེས་བརྒྱུད་ལམ་ཐིག་ཏུ་གྱུར་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

དབྱར་ཕ་མ་འདྲ་བོ་ཐོན་ལ་ཉེ་བ་བའི་དུས་སུ་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་སྲུང་སྐྱོང་ཁུལ་དུ་སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་ཤིང་། གང་ས་གང་དུ་ཉམས་དགའ་ཞིང་ཡིད་ཀྱི་དང་བ་འདྲེན་པའི་རྣམ་པ་ཞིག་གིས་ཁྱབ་ཡོད།  ཆར་ཆུའི་དྲིན་གྱིས་བསྐྱངས་པ་ན་སྤང་ཐང་སྔོན་མོའི་གཞི་ལ་སྔོ་ལྗང་གི་མྱུ་གུ་འབུས་ཤིང་།  རྟ་ནོར་ལུག་གསུམ་གྱིས་རྩྭ་ཟ་བཞིན་དྭངས་གསལ་གྱི་མཚོ་མོའི་འགྲམ་ནས་བག་གཡེང་གིས་རྩེད་འཇོའི་གར་ལ་རོལ།  འདམ་གཞུང་ན་འདབ་ཆགས་ཁྱུ་ཚོགས་ཀྱིས་སྙན་པའི་སྐད་སྒྲ་འབྱིན་ཅིང་འཕུར་ལྡིང་གར་ལ་རྩེན་པའི་སྣང་བརྙན་འདི་དག་སྐྱིད་པ་ལ་ཨང་། 

ཡངས་པའི་སྤང་ཐང་གཞི་ནས་གར་གྱི་ཉམས་འགྱུར་མངོན་པའམ།  ཡང་ན་ཡིད་དུ་འོང་བའི་འདབ་ཆགས་ཁྱུ་ཚོགས་ལ་གཟིགས་པ།   རྟ་མཆོག་རྒོད་པོ་ཞོན་ནས་རྩྭ་ཐང་གི་མཛེས་སྡུག་ཉམས་སུ་མྱོང་བ་དང་། སེམས་དག་བག་ཕེབས་ངང་མཚོ་འགྲམ་ནས་འཆམ་འཆམ་བྱེད་པ།    ཡང་སེམས་རྣལ་དུ་ཕབ་ནས་མདའ་མོ་འཕེན་པ་སོགས་ལྔ་གཅིག་དུས་ཆེན་རིང་ལྗོངས་ཁུལ་འདིའི་རྟ་རྒྱུག་ཐང་དང་འཁོར་བཞག་ཐང་ཆེན་བཅས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་འཛོམས་ཡོད།  

སྒེར་འཁོར་བསྐོར་ནས་ནགས་ཕག་མཚོ་ལ་ལྟད་མོ་བལྟ་མཁན་གྱི་ཁྲོད་ན་ཡུན་ནན་གྱི་ཡུལ་སྐོར་བ་མང་པོ་ཞིག་ཡོད་དེ།  ཁུན་མིང་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལིས་ལགས་ཀྱིས་བཤད་རྒྱུ།  སེམས་ཀྱི་ཉི་ཟླར་ཐེངས་མང་པོར་སླེབས་མྱོང་།   ད་ལོར་ཡང་གྲོགས་པོ་འགའ་དང་ལྷན་དུ་ཡོང་བ་ཡིན།   ཡུལ་འདི་ནས་ཡུལ་སྐོར་རིག་གནས་དང་མཐོ་སྒང་གི་མཛེས་ལྗོངས།   བོད་ཀྱི་ཟས་རིགས་སོགས་ལོངས་སུ་སྤྱད་ཐུབ་པ་མ་ཟད།   ལྷག་པར་དུ་ནགས་ཕག་མཚོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣང་བ་དེ་ཉམས་སུ་མྱོང་ཐུབ་དངོས་གནས་དོན་སྙིང་ལྡན་པ་ཞིག་ཡིན་ཞེས་བསྟན།  

ཤེས་རྟོགས་བྱུང་བར་གཞིགས་ན།   ལྔ་གཅིག་རིང་སྒེར་འཁོར་བཏང་ནས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱ་རྒྱུ་དེ་རྒྱ་ཆེའི་ཡུལ་སྐོར་བའི་ཐོག་མའི་གདམ་ག་ཞིག་ཏུ་གྱུར་ཡོད་ལ།  ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཉིན་ལྟར་སྒེར་འཁོར་སྟོང་ཕྲག་མང་པོ་སླེབས་ཡོད་པ་དང་། ནགས་ཕག་མཚོ་ལ་མཚོ་སྐོར་བྱ་རྒྱུ་དེ་ནི་རྒྱ་ཆེའི་ཡུལ་སྐོར་བས་བདེ་ཆེན་དུ་ཡུལ་སྐོར་བྱེད་སྐབས་ངེས་པར་དུ་འདེམས་དགོས་པའི་ལམ་ཐིག་ཞིག་ཏུ་གྱུར་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།