དུས་ཚིགས་དང་པོར་བདེ་ཆེན་ཁུལ་གྱི་དཔལ་འབྱོར་ལ་གྲུབ་འབྲས་བཟང་པོ་ཐོབ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།     དུས་ཚིགས་དང་པོར་སྔོན་དཔག་བྱས་ན་ཁུལ་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར68ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས10%ཙམ་འཕར་ཡོད། སྔོན་དཔག་བྱས་ན་ཐོན་ལས་དང་པོ་དང་གཉིས་པ།གསུམ་པར་སོ་སོར་རིན་ཐང་འཕར་མ་སྒོར་དུང་ཕྱུར2དང་དུང་ཕྱུར27དུང་ཕྱུར37ཟིན་པ་དེ་རིམ་བཞིན་དུས་མཚུངས་ལས་5%ཙམ་དང10.4% 10%བཅས་འཕར་ཡོད།  

2.jpg 

ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དེ་སྔོན་དཔག་བྱས་ན་དུས་མཚུངས་ལས10%འཕར་བ་དང་། སྔོན་དཔག་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར28.65ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས12%འཕར་ཡོད། སྔོན་དཔག་བྱས་ན་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར16.13ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས་20%འཕར་ཡོད། 

3.jpg

སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.41ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས19.3%འཕར་ཡོད།རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི140.28ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས61.7%འཕར་ནས་རིམ་རྩིས་བྱས་ན་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར13.59ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས25.8%འཕར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།